༌༌༌༌༌༌༌༌༌༌སེམས་ཀྱི་གྲང་ངར།༌༌༌༌༌༌༌༌༌༌༌༌༌
གཞི་ནས། ཁྱོད་ཁོ་ན།
ང་དང་ངའི་ཆེད་དུ་འཚོ་བ་རྟོགས་བྱུང་།
ཨ་ཕ་ལགས།
ཁ་ཐག་རིང་བའི་ཡུལ་གྲུ་འདི་ནས།
ངས་ཁེར་རྐྱང་གི་སེམས་སྨྲེང་ཐར་ཐོར།
མཁའ་དབྱིངས་ཀྱི་ཟླ་བར་བཅོལ་ཐེངས་རེར།
ངའི་གཉུག་མའི་གདུང་སེམས་དམར་པོ།
ཁུ་སིམ་སིམ་གྱི་མིག་ཆུས་བརླན་ཐེངས་རེར།
ཨ་ཕ་ལགས། ཁྱོད་དྲན་ལ། ཁྱོད་ཁོ་ན་དྲན།
ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ལ།
ཁྱོད་ནི་ངའི་སྙིང་ཁོངས་སུ་བཞད་པའི་མེ་ཏོག་རྐང་གཅིག
ད་དུང་ང་འཇིག་རྟེན་འདིར་ཁྱེད་ཀྱི་ཆེད་དུ་འཚོ་བར་འདོད།