སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ཁམས་སྐྲུན་རྒྱུའི་གཏམ་རྒྱུད།

ལོ་གསུམ་སྔོན་ལ་བོད་དུ་ནང་ལྷ་ས་ནས་ལི་ཐང་བར་བོད་མི་ཚོས་རྒྱ་གཞུང་གིས་དབང་འཛིན་བྱེད་པ་དེར་ངོ་རྒོལ་བྱས་ཡོད་པ་རེད།   བདུན་ཕྲག་འདིའི་འགོ་སྟོད་དུ་བོད་ནང་གྲྭ་པ་ཞིག་གིས་རང་ལུས་མེར་བསྲེག་བཏང་ཡོད་པ་རེད།   དེ་ནི་ལོ་འདིའི་ནང་དུ་རང་ལུས་མེར་བསྲེག་བཏང་ནས་ཞི་རྒོལ་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང།   རྒྱ་གཞུང་གིས་བོད་ནང་མུ་མཐུད་ནས་གདུག་རྩུབ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་དེ་ལ་བོད་མི་ཚོ་ངོས་ནས་འགོག་རྒོལ་བྱེད་བཞིན་པའི་དཔང་རྟགས་ཤིག་ཀྱང་ཡིན་པ་རེད།   ང་ཚོས་ངོ་རྒོལ་བྱེད་དགོས་ཞེས་སྐུལ་མ་གང་ཡང་བྱེད་ཀྱི་མེད་མོད།   སྨྲ་བརྗོད་ཀྱི་རང་དབང་མེད་པ་དང་ལྷག་བསམ་ཅན་གྱི་རང་རེའི་ཕ་ཡུལ་གཅིག་པ་ཚོར་རྒྱབ་སྐྱོར་བྱ་དགོས་པ་དེ་ནི་ང་ཚོའི་གཡོལ་ཐབས་མེད་པའི་ལས་འགན་ཡིན།  ཞེས་བོད་ནང་གི་ས་གནས་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐོར་སོགས་འཁོད་ཡོད་པ་རེད།

༡༩༥༩ ལོར་བོད་ནང་རྒྱ་མིའི་བཅིངས་གྲོལ་དམག་མི་ཐོག་མར་ཡོང་སྐབས་ཁོ་ཚོས་བོད་མི་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ཁམས་བསྐྲུན་པའི་ཁས་ལེན་བྱས་ཡོད།  ལོ་ངོ་༦༠ ལྷག་རིང་བོད་ནང་རྒྱ་དམར་གྱིས་དབང་སྒྱུར་གོ་ལྡོག་བྱས་པའི་རྗེས་ད་དུང་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ཁམས་སྐྲུན་ཐུབ་མེད་ལ།   དེ་ལས་ལྡོག་སྟེ་བོད་ནང་མི་སེར་སྤེལ་ཡུལ་ལག་བསྟར་བྱེད་པ་མ་གཏོགས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་ཁམས་མེད་པ་དང།  རྐྱེན་ངན་ཁོ་ན་རྒྱུན་མ་ཆད་པར་ཡོང་གི་ཡོད་པ་རེད་ཅེས་སོགས་རྒྱ་གཞུང་གིས་བོད་ལ་ལག་བསྟར་བྱེད་བཞིན་སྲིད་བྱུས་དང་བོད་ནང་གི་གནས་སྟངས་མཚོན་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པ་རེད།།