དྷ་སར་མཆོད་འབུལ་སྨོན་ལམ།
དེ་ཡང་ཟླ་འདིའི་ཚེས་༢༡ རེས་གཟའ་ཉི་མའི་ཉིན་སྔ་དྲོ་ཆུ་ཚོད་༩ འགོ་བཙུགས་ཏེ་དགོན་སྡེ་ཁག་གི་དགེ་འདུན་རྣམ་པ་བཅས་འདུ་འཛོམས་ཀྱིས་རྣམ་གྲྭ་དང་རྒྱུད་བསྟོད་མཁན་པོ་གཉིས་དབུ་བཞུགས་ཐོག་སྨོན་ལམ་འཚོགས་ཡོད་པ་རེད།
སྐབས་དེར་དཔལ་༧རྒྱལ་དབང་རྐ་མ་པ་སྨོན་ལམ་མཆོད་འབུལ་དུ་ཕེབས་ཆར་ཡོད་ཀྱང་སྒེར་གྱི་མཛད་འཕྲིན་ཞིག་ལ་བརྟེན་ནས་ཕེབས་ཐུབ་མེད་པ་རེད།
དེའི་སྐོར་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གིས་གསར་འགོད་པར་བརྗོད་དོན། ང་ཚོའི་༧རྒྱལ་དབང་ཀརྨ་པར་ཉིན་བཞིའི་སྔོན་ནས་སྨོན་ལམ་མཆོད་འབུལ་དུ་ཕེབས་རྒྱུའི་སྙན་སེང་ཞུས་པ་ཡིན། སྐབས་དེར་ཕྲལ་དུ་ཞལ་ཞེས་མ་ཐོབ་ཀྱང་རྗེས་སུ་བཀའ་ལན་གནང་རྒྱུ་ཡིན་གསུངས་པ་རེད། དེ་རིང་ཛ་དྲག་གིི་མཛད་འཕྲིན་ཞིག་ལ་ཐུག་ནས་ཕེབས་མ་ཐུབ་པས། དེའི་སྐུ་ཚབ་ཏུ་རྣམ་གྲྭ་མཁན་རིན་པོ་ཆེ་དང་ རྒྱུད་སྟོད་མཁན་རིན་པོ་ཆེ་གཉིས་ཕེབས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང།
མུ་མཐུད་གསུང་དོན། སྐུ་ཞབས་ཚེ་དབང་ནོར་བུས་རང་གི་སྐུ་སྲོག་མཆོད་མེར་འབུལ་དགོས་པ་དེ་ནི་བོད་རིགས་ཡོང་གི་ཆེད་དུ་རེད། བོད་ནང་ལ་ཆ་མཚོན་ན་མཆོད་འབུལ་སྨོན་ལམ་དེ་འདྲ་བྱ་རྒྱའི་གོ་སྐབས་མེད་པས། ང་ཚོ་ཚོགས་པ་སྐྱིད་སྡུག་ཚང་མ་མཉམ་འབྲེལ་ཐོག་མཆོད་འབུལ་དེ་གོ་སྒྲིག་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
ཡང་ཟླ་འདིའི་ཚེས་༢༠ རེས་གཟའ་སྤེན་པའི་ཉིན་རྒྱུད་བསྟོད་གྲྭ་ཚང་དུ་དཔལ་རྒྱལ་དབང་ཀརྨ་པའི་དབུ་བཞུགས་ཐོག་གྲྭ་ཚེ་དབང་རོར་བུའི་ཆེད་སྨོན་ལམ་མཆོད་འབུལ་ཞུས་ཡོད་པ་རེད།།