ཁམས་རྟའུ་རུ་བོད་མི་གསུམ་འཛིན་བཟུང་བཀག་ཉར།
ཟླ་འདིའི་ཚེས་༡༩ ཉིན་རྟའུ་ཁང་གསར་ཕྱོགས་ནས་མིང་ཤེས་རྟོགས་མ་བྱུང་བའི་མི་ཞིག་འཛིན་བཟུང་བཀག་ཉར་བྱས་པ་དང་། ཚེས་༢༠ ཉིན་སློབ་གྲྭ་ཁག་ཉིན་བཅུའི་རིང་སྒོ་ཕྱེ་རྒྱུ་མེད་པའི་གསལ་བསྒྲགས་བཏང་ཡོད་པས་ད་དུང་ཉིན་བདུན་གྱི་རིང་ལ་སྒོ་རྒྱག་རྒྱུན་ཡིན་འདུག
ཚེས་༢༡ ཉིན་རྟའུ་ཉ་ལུ་ཞབ་གྲོང་སྡེ་ནས་ཡིན་པའི་རྒྱལ་མཚན་ཞུ་བ་རྒྱ་ནག་ཁྲེན་ཏུ་རུ་ཉེ་འབྲེལ་ནད་པ་ཞིག་གི་ནད་གཡོག་ཏུ་ཡོད་སྐབས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཚེས་༢༢ རྟའུ་ལུ་ལུ་གྲོང་པ་ནས་ཡིན་པའི་མི་སྐྱ་ནོར་བུ་ཞུ་ཞེས་པ་ཞིག་རྒྱ་ནག་ཁྲིན་ཏུ་ནས་གཡག་རྔ་ཕྱོགས་སུ་ཡོང་སའི་ས་གནས་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག