ནུས་པ་གཅིག་ཏུ་སྒྲིལ

བཙལ་བྱོལ་བོད་མི་ཆབ་སྲིད་འདི།།

༸གོང་ས་མཆོག་གི་ལམ་སྟོན་འོག།།
ར་དབང་དམངས་གཙོའི་ཚད་ལྡན་གྱིས།།
འཛམ་གླིང་ཀུན་གྱི་ཡིད་དབང་འཕྲོག།།

 

དུས་རབས་ཉེར་གཅིད་དུས་འདི་ལ།།
མི་རབས་གསར་རྙིང་འགྲན་རྩོད་གྱིས།།
དེང་རབས་ཤེས་འཇོན་མཁན་དབང་ཚོ།།
སྡ་སའི་བཞུགས་སྟེགས་ཡོངས་སུ་ཁེངས།།

 

བཀའ་ཁྲི་མཁས་དབང་བློ་སེང་མཆོག།།
མི་རབས་གསར་པའི་གཙུག་གི་རྒྱན།།
ལྷག་བསམ་གངས་ཕྲུག་གཞོན་ནུ་ཚོས།།
དང་དབང་མི་སྐྱེ་སུ་ཞིག་ཡོད།།