ཀོ་ལེ་གྷལ་ནས་མཆོད་འབུལ།

ས་གནས་གཞོན་ནུའི་ཚོགས་གཙོ་གཅུང་ལགས་ཀྱིས་ “ང་ཚོས་དེ་རང་བོད་ཚེས་ ༢༥ ཡི་དུས་ཆེན་དང་ལྷག་དཀར་ཉིན་མོ་དང་བསྟུན་ནས། རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུའི་སྐུ་ལུས་མེ་རུ་སྤར་ནས་བོད་དོན་ལས་འགུལ་སྤེལ་བར་མྱ་ངན་དང་མཆོད་འབུལ་བྱེད་ཀྱི་ཡོད། ད་དུང་རྟའུ་ཡུལ་དགོན་གཉིས་སུ་རྒྱ་གཞུང་གི་དམ་དྲག་ཚད་ལས་བརྒལ་བ་བྱེད་བཞིན་པར་ངོ་རྒོལ་ཡང་བྱེད་རྒྱུ་ཡིན་ལ། རྟུའུ་མི་མང་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད།” ཅེས་བརྗོད་སོང་།

མེ་སོར་གསར་འགོད་པས།