༧གོང་ས་མཆོག་ལ་མཁས་དབང་གི་ཕྱག་འཁྱེར་འབུལ་འཆར།
གོང་གསལ་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཆེན་མོ་དེས་༧གོང་ས་མཆོག་ལ་ཟླ་རྗེས་མའི་ནང་མཁས་དབང་གི་ཕྱག་ཁྱེར་ཞིག་འབུལ་བའི་སྐབས་དང་བསྟུན་ནས། གཙུག་ལག་སློབ་གཉེར་ཁང་དེའི་རྒྱུགས་སྤྲོད་ལེགས་པར་ཐོན་པ་རྣམས་ལ་ཤེས་ཚད་ལག་ཁྱེར་གནང་རྒྱུའི་ལོ་འཁོར་དུས་སྟོན་ཆེན་མོའི་སྐབས། མཁས་དབང་གི་ཆེས་མཐོའི་ཕྱག་ཁྱེར་(Doctor of Letters) ཞེས་པ་ཞིག་འབུལ་རྒྱུ་ཡིན་པ་རེད། ལོ་འཁོར་དུས་སྟོན་དེ་བཞིན་ཐེངས་༢༤ པ་ཆགས་ཀྱི་ཡོད་པ་དང་། སྐབས་དེར་དུས་གཅིག་ཏུ་རྒྱལ་ཁབ་ཁྱོན་ཡོངས་ནས་སློབ་མ་འབུམ་གཅིག་ལྷག་ཙམ་ལ་སློབ་དཔོན་དང་མཁས་དབང་གི་ལག་ཁྱེར་སྤྲོད་རྒྱུ་ཡིན་པ་རེད།