བལ་ཡུལ་དུ་བཅའ་སྡོད་རྒྱ་གར་གཞུང་ཚབ་གསར་བསྐོ།

 

jayant prasad

རྒྱ་གར་གཞུང་ཚབ་གསར་བ་སྐུ་ཞབས་ Jayant Prasad ཕྱི་ཚེས་ ༢༠ ཉིན་བལ་ཡུལ་གྱི་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་སྐབས་ཁོང་གིས་གསར་འགོད་པ་ཚོར་གསུང་དོན། བལ་ཡུལ་དང་རྒྱ་གར་ཡུལ་གྲུ་ཕྱོགས་གཉིས་ལ་སྲིད་འབྱོར་རིག་གསུམ་སོགས་ཕྱོགས་གང་ཅིའི་ཐད་འབྲེལ་བ་དམ་པོ་ཡོད་པ་དང་། བལ་ཡུལ་གྱི་ཞི་བདེ་རྒྱ་གར་གྱི་ཞི་བདེ་དང་། བལ་ཡུལ་གྱི་ཡར་རྒྱས་རྒྱ་གར་གྱི་ཡར་རྒྱས། བལ་ཡུལ་གྱི་རྒྱལ་ཁ་རྒྱ་གར་གྱི་རྒྱལ་ཁ་ཡིན། ཁོས་དོན་གཉེར་ཆེན་པོས་ཡུལ་གྲུ་ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྲ་བརྟན་དང་། འབད་བརྩོན་ཆེན་པོས་ཡུལ་གྲུ་ཕྱོགས་གཉིས་བར་སྔར་བས་གྲུབ་འབྲས་དོན་དང་ལྡན་པ་བྱེད་རྒྱུ་ཡིན་ཞེས་གསུངས་དོང།

ཁོང་གིས་ཕྱི་ཚེས་༢༦ ཉིན་བལ་ཡུལ་གྱི་སྲིད་འཛིན་དང་ཐོག་མར་གཞུང་ཚབ་ལས་དོན་ཐད་གཞུང་འབྲེལ་མཇལ་འཕྲད་གནང་ཡོད་པ་རེད།

གཞུང་ཚབ་གསར་བ་སྐུ་ཞབས་ Jayant Prasad མཆོག་དགུང་གྲངས་ ༥༨ ཡིན་པ་དང་། ཁོང་གིས་ལོ་མང་རིང་རྒྱ་གར་གཞུང་ཞབས་ཁོངས་སུ་ཕྱག་ལས་གནང་བ་བརྒྱུད་ད་བར་ Afghanistan དང་ Algeria སོགས་སུ་བཅའ་སྡོད་རྒྱ་གར་གཞུང་ཚབ་དང་། རྒྱ་གར་ཕྱི་སྲིད་ལས་ཁུངས་བཅས་སུ་ལོ་མང་རིང་ཞབས་ཞུ་ཞུས་རྗེས་བལ་ཡུལ་གྱི་གཞུང་ཚབ་ལ་བསྐོ་བཞག་བྱས་ཡོད་པ་རེད།
བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}