རྒྱ་ནག་གིས་གླུ་མ་ལྷ་ལུང་མཚོ་འཛིན་བཟུང་བཀག་ཉར།

hortsang lhalong tso 2011  8  20 1

དེ་ཡང་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་འབྲས་སྤུངས་བྱ་བྲལ་ཁང་ཚན་དུ་སློབ་གཉེར་བྱེད་བཞིན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར་ན།  ཟླ་འདིའི་ཚེས་༢༠  ཉིན་བོད་ཨ་མདོ་གཙོད་གྲོང་ཁྱེར་གྱི་གངས་རིའི་གླུ་གར་གླིང་ཞེས་པའི་ཚོགས་ཁང་ནང་དགོང་ཚོགས་ཤིག་འཚོགས་པ་དང་། སྐབས་དེར་བོད་ནང་གི་གྲགས་ཅན་གླུ་བ་གླུ་མ་སྐོར་ཞིག་གདན་ཞུ་བྱས་ཡོད་པའི་ནང་ཧོར་གཙང་གླུ་མ་ལྷ་ལུང་མཚོ་ཡང་གདན་ཞུ་བྱས་ཡོད་པ་མ་ཟད། ཁོང་མོ་དགོང་ཚོགས་དེའི་ཐོག་གླུ་ལེན་མཁན་དང་པོ་དེ་ཆགས་ཡོད་ན་ཡང་། ཉིན་དེར་ཁོ་མོ་རྒྱ་གཞུང་གིས་ཉེན་རྟོག་པས་གཙོད་གྲོང་ཁྱེར་ནས་གསང་སྟབས་ཀྱིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་སྟབས། དགོང་ཚོགས་དེའི་སྟེང་ཞུགས་ཐུབ་མེད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།


གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་མུ་མཐུད་གསུང་དོན། གླུ་མ་ལྷ་ལུང་མཚོ་ལགས་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཧོར་གཙང་སྡེ་བ་ནས་ཡིན་པ་དང་། ད་ཐེངས་ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་གང་ཡིན་གསལ་ཁ་གང་ཡང་མི་འདུག། ཁོང་གི་ནང་མི་ཚོས་བཤད་ན་མོ་ད་ལྟ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་སྐད་བསྒྱུར་སྡེ་ཚན་ཞིག་ཏུ་ཟབ་སྤྱོང་ལ་འགྲོ་དགོས་པ་དང། སྤྱིར་ན་ཁོ་མོ་ཆབ་སྲིད་ཀྱིས་ལས་ཀ་བྱེད་མཁན་དེ་འདྲ་གང་ཡང་མིན་པ་མ་ཟད།  ལོ་ན་ཡང་ཆུང་ཆུང་རེད།  ད་ལྟ་གློ་བུར་དུ་འདིར་ལྟར་འཛིན་བཟུང་བཀག་ཉར་བྱས་རྗེས་ཁོ་མོའི་ནང་མི་ཚོས་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ལ། མགྱོགས་མྱུར་ངང་ཁོ་མོ་གློད་གྲོལ་ཡོང་བའི་རེ་བ་ཆེན་པོ་ཡང་བྱེད་བཞིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།།
མོན་གྷོ་གསར་འགོད་པས།

http://www.youtube.com/watch?v=6ESIEvp7hYw&feature=share

{jcomments on}