ཧི་མ་ཅལ་དུ་ལོ་གསུམ་ནང་འགྲིམ་འགྲུལ་དོན་རྐྱེན་འོག་མི་༣༤༧༩ ཚེ་སྲོག་ཤོར་བ།

ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འོག་མའི་ནང་དྲི་བ་དྲིས་ལན་སྐབས་མངའ་སྡེའི་འགྲིམ་འགྲུལ་བློན་ཆེན་མོ་ཧིན་དར་སིང་མཆོག་གིས་ལན་འདེབས་གནང་བར། འགྲིམ་འགྲུལ་དོན་རྐྱེན་མང་ཆེ་བ་བརྒྱ་ཆ་(97.83%)ལྷག་ཆང་རང་བཏུང་བ་དང་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་བྱུང་འདུག ཅེས་དང་། བརྒྱ་ཆ་(1.52%)ལམ་ཁའི་གནས་སྟངས་ཡག་པོ་མེད་པ་ལ་བརྟེན་ནས་བྱུང་འདུག། དེ་བཞིན་བརྒྱ་ཆ་གྲངས་ཆུང་(0.64)སྣུམ་འཁོར་གྱི་འཕྲུལ་ཆས་སྐྱོན་ཤོར་བ་བཅས་ལས་བྱུང་བ་རེད་ཅེས་མངའ་སྡེའི་བློན་ཆེན་གྱིས་འགྲེལ་བརྗོད་བྱས་འདུག

བློན་ཆེན་གྱིས་མུ་མཐུད་ཞིབ་ཕྲ་འགྲེལ་བརྗོད་གནང་བ་ལ་ལྟར་ན་དུས་རྒྱུན་སྣུམ་འཁོར་བརྡབ་སྐྱོན་བྱུང་སའི་ས་གནས་གྲངས་༥༣༦ ངོས་འཛིན་ཀྱིས། ལམ་ཁར་ལེགས་བཅོས་གཏོང་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་འདུག།།