ཧུའུ་ཅིན་ཐའོ་ཅང་ཙི་མིན་ལས་སྡུག་པ་འདུག་ཅེས་གསུངས་སོང་།
ད་ལྟ་ང་ཚོའི་འགན་འཁྲི་ཅི་འདྲ་ཞིག་ཁུར་དགོས་པའི་སྐོར་གསུངས་པ་དང་སྦྲགས། རྒྱ་ནག་དམར་གཞུང་གིས་དོགས་པ་དང་རྣམ་རྟོག་གིས་གྲངས་ཉུང་མི་རིགས་དང་། ལྷག་པར་བོད་ཐོག་ལ་འཛིན་པའི་སྲིད་བྱུས་དང་ཡུན་གནས་ཡོང་མི་ཐུབ་པ་ཞིག་ཡིན་པ་གཟུར་གནས་རྣམ་དཔྱོད་དང་རྒྱ་ནག་རང་གི་མཁས་དབང་དང་བློ་གྲོས་ཅན་ཚོས་བཤད་བསྡད་ཡོད་རེད་ཅེས་གསུངས་སོང་།
ཡང་ས་གནས་བོད་མི་ཉི་མ་ཚེ་རིང་ཟེར་བ་ཞིག་གིས་ད་ལྟ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞེའུ་ཅིན་ཕེན་མ་འོངས་པར་རྒྱ་ནག་གི་སྲིད་འཛིན་ཆགས་ན། བོད་ཐོག་ཁེ་ཕན་ཡོང་སྲིད་དམ་ཞེས་དྲིས་པར། སྐུ་ཚབ་མཆོག་གིས། དེ་ཁག་པོ་རེད་བཤད་ཤེས་ཀྱི་མི་འདུག་མོད། སྔར་ང་ཚོང་ཚང་མས་་ཧོའུ་ཅན་ཐའོ་མ་འོངས་པར་རྒྱ་ནག་གི་སྲིད་འཛིན་ཆགས་ཀྱི་རེད་ཅེས་བཤད་སྐབས་རེ་བ་ག་ཚོད་གཅིག་བརྒྱབ་པ་རེད། ཧོའུ་ཅན་ཐོ་ལ་མཚོན་ན་བོད་རང་ལ་བསྡད་དེ་ལས་དོན་བསྒྲུབ་པ་དང་བོད་ཀྱི་སྐོར་ལ་རྒྱུས་མངའ་ཟབ་ཤོས་རེད། དངོས་གནས་ད་རེས་རེ་བ་ཞིག་ཡོད་པ་རེད་ཅེས་བོད་པའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀྱིས་རེ་བ་བྱས་པ་རེད་དེ་རྗེས་སུ་ཅང་ཙི་མན་གྱི་སྡུག་ཆགས་སོང། ད་ལྟ་གནད་དོན་དབྱེ་ཞིབ་པ་དང་བོད་མི་ཚོས་ཞིའུ་ཅན་ཕེན་ལ་རེ་བ་རྒྱག་གི་ཡོད་པ་ངོན་གསལ་རེད། མ་གཞི་ཁོང་གི་པ་ལགས་ལ་མཚོན་ན་དངོས་གནས་བོད་པ་དང་༧རྒྱལ་བ་རིན་པོ་ཆེར་འབྲེལ་བ་གཏིང་ཟབ་ཡོད་པ་རེད། ཁོང་གི་ནང་མི་ཚོ་ཡིན་ནའང་བོད་པའི་ཆོས་དང་བོད་ཀྱི་བླ་གྲྭ་སོགས་ལ་གུས་བརྩི་ཡིད་ཆེས་བྱེད་མཁན་ཡག་པོ་ཞིག་རེད། ཁོང་རྗེས་སུ་གྲོངས་པའི་སྐབས་ཡིན་ན་བོད་པའི་བླ་མ་དང་བོད་ཀྱི་གྲྭ་པ་གདན་འདྲེན་བྱས་ཏེ་མཆོད་འབུལ་སྨོན་ལམ་གསུངས་བཅུག་པ་རེད་ཅེས་བོད་པ་དང་བོད་བརྒྱུད་ནང་ཆོས་ལ་དགའ་མཁན་གྱི་ཁྱིམ་ཚང་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
མཐར་ཁོང་གི་གསུང་དོན་རྒྱལ་ཁབ་འདིའི་ནང་གི་གནད་ཡོད་མི་སྣ་མང་པོ་ཞིག་ལ་མཇལ་འཕྲད་བྱུང་བ་དང་ཁོང་རྣམས་ཀྱིས་ཀྱང་བོད་དོན་ལ་སེམས་གཏིང་ནས་དོ་སྣང་དང་ཤ་ཚ་གནང་གི་འདུག ང་རང་གི་ངོས་ནས་ཡིན་ནའང་རྒྱ་གར་ན་ཡོད་པའི་བོད་མིའི་སྒྲིག་འཛུག་གི་གཞི་རྩ་བཀའ་སྤྱི་གཉིས་ཀྱི་དགོངས་དོན་དང་མི་འགལ་བའི་ཐོག་ནས་ཁྱེད་ཚོས་ང་ཚོས་རམ་འདེགས་རྒྱབ་སྐྱོར་གནང་རོགས་ཞུས་པ་ཡིན། གཙོ་ཆེ་ཤོས་ང་ཚོ་རང་ངོས་ནས་བྱེད་དགོས་རེད། བོད་པའི་གནད་དོན་ཡིན་པས་བོད་མི་མདུན་དུ་སོང་ནས་གདུང་ལེན་བྱེད་དགོས་རེད། དེའི་རྒྱབ་ལ་ཁྱེད་ཚོས་རོགས་འདེབས་རྒྱབ་སྐྱོར་གནང་རོགས་ཞེས་ཤུགས་ཆེ་ཞུས་ཡོད་ཅེས་གསུངས་སོང་།།
ད་ཐེངས་འདིར་བོད་མི་བརྒྱ་ཕྲག་ཁ་ཤས་ཤིག་སླེབས་བསྡད་ཡོད་རེད། ཁྱོད་རང་ཚོ་ཡིན་ནའང་སྔར་བོད་དོན་ཆེད་དཀའ་ལས་བརྒྱབ་པ་རེད་ལ། རང་གཞུང་གི་ངོས་ནས་ཀྱང་དེ་ལ་ངོས་འཛིན་ལེགས་པོ་འདྲ་བྱས་ནས་འདིར་ཆེད་གཏོང་གནང་བ་རེད། ད་ལྟ་ས་གནས་སྐུ་ཚབ་དོན་གཅོད་ཀྱི་གསུང་བ་ལྟར་ན་ཚགས་ཚུད་པོ་དང་ཡག་པོ་ཡོད་གསུངས་སོང་། ཧ་ཅང་དགའ་བོ་བྱུང་ཞེས་དང་། ཁོང་གིས་མུ་མཐུད་གསུང་དོན། སྔར་གཞུང་ནས་དམིགས་བསལ་ཀྱིས་འདིར་ཁྱེད་རང་ཚོ་བཏང་བ་རེད། མ་འོངས་པར་བོད་དོན་འདི་ནི་མགོ་༧རྒྱལ་བ་རིན་པོ་ཆེ་ནས་འོག་ང་ཚོ་བོད་མི་ཡོངས་ཀྱི་འགན་ཡག་པོ་ཞིག་ཁུར་དགོས་ཀྱི་ཡོད་རེད། ཁྱོད་ཚོས་ངོས་ནས་ཀྱང་ཧུར་ཐག་གནང་རོགས་ཞེས་འབོད་སྐུལ་གནང་སོང་།
ཨོ་སུ་ཁྲུ་ལི་ཡའི་སི་ནེས་གྲོང་ཁྱེར་ནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས། ཕྱོ་ལོ་ 2011 ཟླ་ 8་ཚེས་ 29 ལ༎