རྒྱ་མིའི་སོ་ཉུལ་བ་ཡིན་པའི་སྐད་ཆ་ལ།

རང་ཉིད་ལ་སྤྱི་ཚོགས་ཁྲོད་ན་རྒྱ་མིའི་སོ་ཉུལ་བ་ཡིན་པའི་སྐད་ཆ་ཞིག་བོད་པའི་སྤྱི་ཚོགས་ནང་ལ་ཁྱབ་བཞིན་པ་དེ་དངོས་ཡོད་གནས་ཚུལ་གང་ཡིན་སྐོར་གསལ་བཤད་བྱས་ཡོད་པ་རེད། དེ་ཡང་ཁོང་གིས་བརྗོད་དོན། དེ་རིང་ང་དཔལ་འབྱོར་ཚེ་རིང་ལ་འདིར་གསལ་བཤད་བྱེད་དགོས་པའི་གནད་དོན་ཞིག་ཡོད། དེ་རིང་ངས་ཁྱེད་དམིགས་བསལ་སྐུ་ཚབ་མཆོག་གི་མདུན་ནས་འདི་བཤད་རྒྱུའི་གོ་སྐབས་རག་པ་ནི་ཧ་ཅང་བསྐལ་བ་བཟང་པོ་ཞིག་དང་ཐོབ་དཀའ་བའི་གོ་སྐབས་ཡག་པོ་ཞིག་རེད། དེ་འདྲ་ཡིན་དུས་དེ་རིང་ངས་འདི་ཁྱེད་ཀྱི་མདུན་ནས་གཅིག་ཞུས་ན་སྐུ་ཚབ་མཆོག་གིས་ཀྱང་རྒྱུ་འབྲས་བསླུ་བ་མེད་པའི་རྒྱ་མ་ཚད་ལྡན་གནང་ནས་ཡང་ལྗིད་མེད་པའི་ཐོག་ཡར་རྒྱལ་བ་རིན་པོ་ཆེར་ལྷག་བསམ་རྣམ་དག་གིས་ཞུ་ཡི་རེད་བསམ་ནས་དེ་རིང་ངས་འདིར་བཤད་པ་ཡིན།

དེ་འདྲ་ཡིན་དུས་ད་ལྟ་གོང་དུ་དྲི་བ་མང་པོ་དྲིས་སོང། དེ་ཚོའི་ཐད་ནས་ང་ལ་གང་ཡང་བཤད་རྒྱུ་མེད། གང་ལྟར་འདྲི་ཚིག་ཅི་ཞིག་ཕུལ་ཡོད་ཀྱང་མེད་ཀྱང་ང་ཚོས་རྒྱ་ནག་དང་རྒྱ་རིགས་ཟེར་བ་ཞིག་ཡོད་པ་དེའི་འབྲེལ་བའི་སྐོར་རེད་བསམ་གྱི་ཡོད། སྔར་རྒྱལ་བ་རིན་པོ་ཆེ་ཡིན་ནའང་བོད་དང་རྒྱ་གཉིས་ཀྱི་བར་ལ་སེམས་ཐག་ཉེ་བོ་ཡོང་ཐབས་ཐད་ནས་རྒྱ་ནག་ནང་རྒྱ་མི་སུ་འདྲ་ཞིག་ཡིན་ནའང་འབྲེལ་བ་འཛིན་དགོས་པ་རེད་ཅེས་གསུངས་ཡོད་རེད། དེ་འདྲ་ཡིན་དུས་ང་རང་ཉིད་ལ་མཚོན་ན་ཨོ་སི་ཁྲུ་ཡ་ཡར་ཡོང་ནས་ལོ་དྲུག་འགོར་སོང་། དེའི་རིང་བོད་ནང་ལ་ཐེངས་བཞི་ལ་ཕྱིན་པ་ཡིན། ང་ལྷ་ས་དང། ཁམས། རྒྱ་ནག་ནང་། ང་ཨ་མདོ་བཅས་སུ་སོང་བ་ཡིན། ངའི་ཕ་ཡུལ་ཨ་མདོ་མཚོ་སྔོན་ནས་ཡིན། དེ་ནས་ཅི་ཡིན་ལབ་ན། ང་འདིར་ཡོང་ནས་འདི་ནས་ཀྱང་ངས་རྒྱ་མི་ཤེས་ཡོན་པ་ཚོར་འབྲེལ་བ་བཙུགས་པ་ཡིན། རང་ལ་ཤེས་ཡོན་ཆེན་པོ་མེད་ཀྱང་སྐད་ཀྱི་ཐོག་ནས་ངས་བརྡ་འཕྲོད་ཀྱི་འདུག རྒྱ་རིགས་ཐུག་ཚད་ལ་ངས་འབྲེལ་བ་བྱས་པ་ཡིན། དེ་བཞིན་འདིར་ཡོད་རྒྱ་གཞུང་གི་དོན་གཅོད་ཡིན་ནའང་རེད། དེའི་ནང་གི་བོད་མི་ཞིག་ཡིན་འང་འདྲ། དེའི་ནང་གི་ལས་བྱེད་ཞིག་ཡིན་ནའང་རེད། ངས་དེ་ཚོར་ཐུག་ནས་འབྲེལ་བ་ལ་ཤུགས་བརྒྱབ་པ་ཡིན། ཡིན་ནའང་ངས་འདིའི་ཐད་ཤུགས་རྒྱབ་པ་ཡིན། ངས་བྱས་པ་དེ་འགྲིག་ཡོད། དེ་འདྲ་བཤད་ཀྱི་མེད། མི་སུ་དང་སུ་ཡིན་ནའང་སོ་སོའི་ལས་ཀ་དེ་མ་འོངས་པའི་ལོ་རྒྱུས་ཐོག་ནས་མ་གཏོགས་དེ་རིང་ནངས་ཀ་འདི་ནས་ཐག་ཆོད་རྒྱུ་མ་རེད་བསམ་གྱི་འདུག་ཅེས་དང་།

རྒྱ་རི་རིན་པོ་ཆེ་ལ་མཚོན་ན་ད་ལྟ་བར་དུ་ལོ་འདི་འདྲའི་མང་པོ་ཞིག་གི་རིང་ལ་སྐུ་ཚབ་བྱས་ནས་བོད་ལ་སོང་བ་འདི་ཚང་མ་གཅིག་གཅིག་བྱས་ནས་ང་ཚོར་བཤད་ཡ་ཡོད་ཀྱི་མ་རེད་བསམ་གྱི་འདུག འདིའི་ནང་གསང་དགོས་པ་སོགས་མང་པོ་ཞིག་ཡོད་ཀྱི་རེད། འདི་ཚོ་ཚང་མ་རྒྱལ་ཁབ་ཅིག་དང་མི་རིགས་ཞིག་གི་གནད་དོན་རེད་མོད། དེའི་སྒང་ལ་ང་ཚོར་མཚོན་ན་ཁྱད་པར་ཅན་གྱི་མི་རིགས་དང་རྒྱལ་ཁབ་ཤོར་བསྡད་ཡོད་པའི་མི་རིགས་ཤིག་རེད། དེའི་སྐོར་ད་ལྟ་སྐུ་ངོ་ཡིས་མང་པོ་ཞིག་གསུངས་པ་བཞིན་རེད། དེ་ཡིན་ན་དེ་རིང་ང་ལ་འདིར་ག་རེ་ཞུ་རྒྱུ་ཡོད་ཟེར་ན། ད་ལོ་བཅུ་པའི་་ཚེས་གཅིག་གི་ཉིན་མོ་རྒྱ་མིའི་རིག་གནས་ཉིན་མོ་རེད། དེའི་ཐོག་ང་སོང་བ་ཡིན། ང་སོང་ནས་ཅི་བྱས་པ་ཡིན་ཟེར་ན་ཀྲུང་གོ་མི་རིགས་ལྔ་བཅུ་ལྔ་དྲུག་ཡོད་རེད། དེའི་ནང་ནས་མི་རིགས་ཆེན་མོ་བཞི་ཡོད་ཟེར་གྱི་ཡོད་རེད་ལ་དེ་ཚོར་ག་དུས་ཡོང་ན་འགྲིག་ཟེར་གྱི་ཡོད་རེད། དེ་འདྲ་ཡིན་དུས་བོད་པ་ཞིག་ཡིན་ནའང་དེར་འགྲོ་དགོས་ཀྱི་འདུག་གཱ འདི་ན་བོད་རིགས་མང་པོ་འདི་འདྲ་ཞིག་ཡོད་རེད། དེའི་སྐབས་སུ་བོད་ནང་གི་གནས་སྟངས་སོགས་ཀྱི་ཐོག་ལ་ཅི་ཆགས་ཡོད་མེད་དྲི་བརྩད་བྱེད་ཆོག་གི་རེད། དེ་འདྲ་ཡིན་དུས་ངས་ཁྲུན་དཱ་ཤུ་བྷ་དེར་ཡོང་གི་་ཡོད་པ་གོ་སོང་། ངས་སྔོན་མ་ནས་ཁོང་གི་ལོ་རྒྱུས་ཀྱི་དེབ་དེ་བལྟས་ཡིན། ཁོང་རྒྱ་མི་ཡོན་ཏན་པ་ཞིག་རེད། ད་ལྟ་བར་དུ་ཨོ་སི་ཁྲུ་ལི་ཡར་རྒྱ་མིའི་དོན་གཅོད་ཡོང་མཁན་ཚང་མའི་ནང་ནས་ཡོན་ཏན་པ་ཆེ་ཤོས་དེ་ཆགས་ཀྱི་འདུག དེ་ལ་ཐུག་པ་ཡིན། དེ་བཞིན་ཁོང་དང་མཉམ་དུ་པར་གཅིག་བརྒྱབ་པ་ཡིན། དེ་ནས་ང་འདི་ནས་རྒྱ་མིའི་སོ་བ་རེད་ཟེར། ཁྱོད་རྒྱ་མི་མཉམ་དུ་ཁ་ལ་ཟ་གི་འདུག་ཟེར། འབྲེལ་བ་བྱས་འདུག་སོགས་མང་པོ་མང་པོ་བཤད་ནས་ཡི་གེ་བཀྲམ་གི་འདུག པར་དེ་བཀྲམ་གི་འདུག དེ་ཚོ་ཚང་མ་སང་ཉིན་ངས་རིན་པོ་ཆེར་ཁྱོད་ལ་ཡར་གཅིག་འབུལ་རྒྱུ་ཡིན། རྒྱ་མི་མཉམ་དུ་ཁ་ལ་ཟ་མཁན་ཡིན་པ་ཙམ་གྱི་སོ་ཉུལ་ཆགས་ཀྱི་ཡོད་ན། འདི་ན་ད་དུང་མང་པོ་ཡོད་རེད། དེ་རིང་ངས་མིང་འདོན་བྱེད་ཀྱི་ཡིན། ཐུབ་བསྟན་རྒྱལ་མཚན་ཁྱོད་གཅིག་ཡིན་པ། པ་སངས་ཚེ་རིང་ཁྱོད་གཅིག་ཡིན་པ། མ་ཤེས་མ་གོ་བྱེད་ཀྱི་ཡོད་པ་མ་རེད། ལས་ཀ་ཅི་ཞིག་ཡིན་རུང་རྒྱུ་འབྲུས་བསླུ་བ་མེད་པའི་ཐོག་ནས་བདེ་པ་བདེན་དྲང་བྱས་ན། མ་འོངས་པར་མི་རིགས་ཤིག་གི་མདུན་ལམ་ལ་དྲང་བདེན་གྱི་སྐད་ཆ་ཞིག་བཤད་ན་ང་ཚོས་མི་རིགས་འདི་རང་རྐང་ཐོག་ལ་ལངས་ཐུབ་པ་ཁྱོད་ཚོས་ཨེ་ཤེས་ཞེས་བརྗོད་པ་དང་། (ཁོང་གིས་མཚམས་དེར་མི་ཁ་ཤས་མི་འགའ་ཤས་ལ་འཛུབ་མོ་བཙུགས་ཏེ་རྒྱ་ནག་གཞུང་ཚབ་ཀྱི་ཁ་ལ་ཟ་མཁན་ཡིན་པའི་ར་སྤྲོད་བྱས་པར། མི་མིང་གིས་དོ་སྣང་ཆེེན་པོའི་ཐོག་ནས་ལག་པ་བསྡབ་པ་དང་ཀུ་སྒྲ་འཐེན་ཏེ་ཐེངས་འདིའི་དཔལ་འབྱོར་ཚེ་རིང་གི་གསལ་བཤད་ལ་མོས་མཐུན་ཡོད་པ་ལྟ་བུའི་རྣམ་པ་བསྟན། ཡང་དཔལ་འབྱོར་ཚེ་རིང་གིས་མཐུད་ནས། ཨོ་སི་ཁྲུ་ལི་ཡི་སྐུ་ཚབ་དག་པོ་བསོད་ནམས་ནོར་བུ་ལ་ཐད་ཀར་བཤད་དོན། དེ་རིང་ངས་འདི་ལྟར་བཤད་དགོས་དོན་དེ་ཁྱེད་དོན་གཅོད་མ་བརྩིས་པ་མིན། ངས་བོད་ཀྱི་དོན་གཅོད་ཟེར་ན་རྣམ་དག་ཅིག་གནས་དགོས་པ་རེད་ཚང་མར་བཤད་པ་ཡིན། དེའི་ཐད་ལ་ངས་ལས་དོན་གང་འདྲ་ཞིག་སྒྲུབ་ཀྱི་ཡོད་མེད་ཐོག་བསམ་བློ་མང་པོ་ཞིག་བཏང་བ་ཡིན། ཡིན་ན་ཡང་འདིར་གནས་ཚུལ་མང་པ་ཡོད་པ་རེད་ཅེས་དང། ཉི་མ་སང་ཉིན་ནས་དོན་གཅོད་ཁྱེད་ཀྱིས་ལས་ཤོག་ཐོག་ང་དཔལ་འབྱོར་ཚེ་རིང་རྒྱ་ཡི་ཉུལ་མ་རེད་ཅེས་ཡི་གེ་ཞིག་སྤྲོད་རོགས་གྱིས། མི་མང་ལ་བཀྲམ་རོགས་གྱིས། ད་ལྟའི་ང་ཚོའི་ལས་ཀ་འདི་ཅི་འདྲ་ཞིག་ཡོང་ལྟ་རྒྱུ་རེད། མ་འོངས་པའི་རེ་བ་ཅི་ཡོང་ང་ཚོས་གཅིག་ལྟ་དགོས་ཀྱི་ཡོད་པ་རེད་ཅེས་བཤད་ཡོད་པ་རེད། དེ་རྒྱས་པ་སངས་ཚེ་རིང་ཡར་ལངས་ཏེ་ཁོང་རང་གི་གནད་དོན་རེ་ཟུང་ཞིག་ལ་ལན་འདེབས་དང་གསལ་བཤད་བྱས་ཡོད་དོན། ངས་ངོས་ནས་བྱས་ན། ༧སྐྱབས་མགོན་རིན་པོ་ཆེས་གསུངས་ཡོད་རེད། ང་རང་ཚོའི་ཕ་མ་སྤུན་མཆེད་མང་ཆེ་བ་བོད་ལ་ཡོད་རེད། བོད་ལ་འགྲོ་རྒྱུའི་བསམ་བློ་ཡོད་རེད། ཡིན་ནའང་གོ་ཐག་གློད་ནས་འགྲོ་མི་འགྲོ་དེ་ལ་ཐིག་གི་རེད། རྒྱ་མའི་དོན་གཅོད་ཁང་ལ་སོང་བ་ཙམ་གྱིས་རྒྱ་མིའི་སོ་བ་རེད་ཟེར་རྒྱུ་མ་བྱུང་། ཁ་ལ་ཟ་རུ་སོང་བ་རེད་དེ། སྐད་ཆ་གཅིག་ཡོད་པ་རེད་དཱ། རྒྱ་ནག་གཞུང་ཚབ་ཁང་ལ་ང་ཚོ་བོད་ལ་ལོག་པའི་ཞེས་གསལ་བཤད་བྱེད་མུས་སྐབས་(མི་མང་གི་ནང་ནས་སྐད་ཅོར་ཆེ་རུ་ཕྱིན་ཏེ་ཁོང་རིང་གི་གསལ་བཤད་དང་ལན་འདེབས་དེ་གསལ་པོ་གོ་ཐུབ་ཀྱི་མི་འདུག དེ་ནས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་རྒྱུན་ལས་ཁག་ཅིག་གིས་དགོང་མོའི་གསོལ་ཚིགས་ཐོག་གདན་འདྲེན་གནང་བའི་ལམ་བར་དུ། ས་གནས་བོད་མི་ཁག་ཅིག་གི་རིན་པོ་ཆེ་ལགས་ང་ཚོ་འདིར་གནད་དོན་འདི་གཅིག་པུ་མ་རེད། གནས་ཚུལ་མང་པོ་ཞིག་གི་ཐོག་ལ་མགོ་བདེ་དྲན་འཕྲུལ་ཅན་འགའ་ཤས་ཀྱིས་དུས་རྟུག་དུ་དཀའ་ངལ་མང་པོ་ཞིག་བཟོ་བཞིན་ཡོད་པ་རེད། ད་ཐེངས་རིན་པོ་གཟིགས་ཞིབ་ཡག་པོ་ཞིག་གནང་ནས་རྗེས་མ་བདེན་འཛིན་དབྱེ་འབྱེད་གནང་རོགས་ཞེས་རེ་བསྐུར་ཡང་བྱས་ཡོད་པ་རེད། ཚོགས་འདུ་དང་གནད་དོན་གསལ་བཤད་ཚང་མ་རང་འགུལ་ངང་གྲོལ་སོང་ཡོད་པ་རེད། བོད་ཀྱི་བང་ཆེན་གྱི་དྲྭ་ཚིགས་ལས་བཤུས།