ཆང་ས་དྲ་བ་སྒོ་འབྱེད།

དྲ་བ་དེ་གསར་བཟོ་དགོས་པའི་དམིགས་ཡུལ་གཙོ་བོ་བོད་ཀྱི་སྐད་ཡིག་ཐོག་ཤེས་བྱ་སྣ་ཚོགས་ཀློག་རྒྱུ་ཡོང་ཆེད་ཀྱི་ཁ་སྐོང་དང་། བོད་མི་རྣམས་ད་ལྟ་ཤར་ནུབ་གང་ས་དང་གྲོང་ཁྱེར་གང་སར་ཁ་འཐོར་ནས་ཡོད་པས། འབྲེལ་འདིས་དཀོན་པར་བརྟེན། བོད་མི་ནང་ཁུལ་བཟའ་ཚང་སྒྲིག་ཆེད་འབྲེལ་བ་བྱེད་ས། དེ་བཞིན་བཟའ་ཚང་གི་ཉིན་རེའི་འཚོ་བ་དང་། རྒྱུན་ཤེས་སོགས་མཁྱེན་རྟོགས་ཆེད་དུ་ཡིན་འདུག དེ་བཞིན་རྒྱུན་ཤེས་རྩེད་རིགས་ངོ་སྤྲོད་ཀྱི་ལེ་ཚན་ཞིག་ཀྱང་འདུག་ལ། དྲ་རྒྱའི་དམིགས་ཡུལ་དང་མཐུན་པའི་རྩོམ་ཡིག་ཡང་བསྡུ་འགོད་བྱེད་བཞིན་འདུག
ཞིབ་ཕྲ་http://changsa.net/འདིར་གཟིགས་དང་འཐུས།

{jcomments on}