རྒྱལ་གཅེས་དཔའ་བོའི་ཆེད་དུ་བསྔོ་སྨོན།
དེ་ཡང་བསྔོ་སྨོན་དེ་འཚོག་དགོས་དོན་འབྲེལ་ཡོད་ཀྱིས་གནས་གནས་ཚུལ་མཁོ་གཏོང་བྱས་པའི་ནང་འཁོད་དོན། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་མཁན་རྒྱལ་གཅེས་དཔའ་བོ་གཏོང་ཕོད་ཅན་གྱི་གྲྭ་ཚེ་དབང་ནོར་བུ་ལགས་དང་། གྲྭ་དམ་པ་ཕུན་ཚོགས། དམ་པ་ཐུབ་བསྟན་དངོས་གྲུབ་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་བསྟན་སྲིད་མི་རིགས་དང་བཅས་པ་རྩ་མེད་གཏོང་བཞིན་པའི་གཡོ་ཐབས་ཀྱི་སྲིད་ཇུས་བཟུང་བ་ལ། བདེན་དཔང་དང་གཞིས་ལུས་བོད་རིགས་ཡོངས་ཀྱི་མནར་གཅོད་ཀྱི་སྡུག་བསྔལ་འཛམ་གླིང་མི་མང་གིས་མཁྱེན་རྟོགས་ཡོང་བའི་ཆེད་གཅེས་སྲོག་མཆོད་མེ་རུ་བསྒྲོན་ཡོད་པ་དང་། དམ་པ་ཁོང་རྣམས་ལ་ཁ་ཞེ་གཉིས་མེད་ཀྱིས་གདུང་སེམས་མཉམ་བསྐྱེད་དང་། གཅིག་སྒྲིལ་མཚོན་བྱེད་དང་འདས་གསོན་གཉིས་ལ་ཕན་པའི་ཆེད་དུ། དགེ་འདུན་པ་ཁག་ཅིག་དབུ་བཞུགས་ཐོག་བསྔོ་སྨོན་འཚོགས་ཡོད་ཅེས་འཁོད་ཡོད་པ་རེད།།