བཀའ་བློན་ཁྲི་པས་བཀའ་བློན་ཁྲི་ཟུར་གྱི་སྐུ་གདུང་ལ་གྱེས་མཇལ།
དེ་ཡང་ཕྱི་ཟླ་༩ ཚེས་༡ ཉིན་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་གདུང་ལྡི་ལི་ནས་གདན་འདྲེན་ཞུས་ཏེ། ཉིན་རྒྱབ་ཆུ་ཚོད་༡།༣༠ ཙམ་ལ་ཅོན་ཏ་ར་བོད་མིའི་གཞིས་སྒར་དུ་ཡོད་པའི་འཇུ་ཆེན་ཚང་གི་གཟིམ་ཤག་ཏུ་འབྱོར་ཡོད་པ་དང། སྐབས་དེར་༧བྱམས་མགོན་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་དང་དགེ་འདུན་པ་གང་མང་གདན་ཞུས་ཀྱིས་སྨོན་ལམ་མཆོད་འབུལ་གསུངས་བཞིན་ཡོད་པ་རེད།
{jcomments on}
བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན་ཡང་སྤྱི་འཐུས་བཅུ་གྲངས་ཤིག་དང་། དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གཙོས་བོད་ཁྱིམ་གྱི་འབྲེལ་ཡོད་དབུ་འཛིན་ཁག་ཅིག སྦིར་སྡེ་དགེ་གཞིས་འགོ་དང་ལས་བྱེད། ཅོན་ཏ་ར་ནང་ཆེན་གཞིས་ཆགས་ཀྱི་གཞིས་འགོ་དང་ལས་བྱེད་སོགས་མི་མང་གང་མང་ཞིག་གིས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་གདུང་ལ་གྱེས་མཇལ་གྱི་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་པ་རེད།
ཉིན་འདིར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ཉིན་ཕྱེད་གུང་སེང་བཏང་ནས་མྱ་ངན་ཞུས་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་༢ པ་ནས་༣ པའི་བར་གཞུང་ཞབས་ལས་བྱེད་པ་རྣམས་ཀྱིས་མྱ་ངན་དང་སྨོན་ལམ་གསུངས་ཡོད་པ་རེད།།