༌༌༌༌༌༌༌༌༌༌༌༌༌༌༌༌སེམས་ཀྱི་སྐད་ཆ་ཚིག་གསུམ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

གཉིས་པ། ཚེ་རིང་བདེ་སྐྱིད་ཅེས་པའི་མིང་དེ་རྒྱལ་ཡུམ་ཆེན་མོའི་མིང་རེད་ཅེས་པ་དེ་རེད། རྒྱལ་ཡུམ་ཆེན་མོར་ཚེ་རིང་བདེ་སྐྱིད་ཅེས་འབོད་ཀྱི་ཡོད་ཀྱང་། ཚེ་རིང་བདེ་སྐྱིད་ཅེས་པའི་མིང་དེ་རྒྱལ་ཡུམ་ཆེན་མོ་ཁོ་ནའི་མིང་མ་རེད། དེ་ལྟར་ན། ཁམས་ཕྱོགས་སུ་རྒྱུགས་དང་ཚེ་རིང་བདེ་སྐྱིད་ཅེས་མིང་བཏགས་པའི་བུ་མོ་བགྲང་མེད་ཅིག་མཐོང་ཐོས་ཡོང་གི་རེད། དེ་དག་ཐམས་ཅད་ཁྱོད་ཀྱིས་རྒྱལ་ཡུམ་ཆེན་མོ་རེད་ཅེས་བརྗོད་ཀྱི་ཡིན་ནམ།


གསུམ་པ། གལ་སྲིད་ཚེ་རིང་བདེ་སྐྱིད་ཅེས་པ་དེ་བུ་མོ་ཞིག་ཡིན་ན། དེ་ཡང་གཡུ་མཚོ་ཡིན་དགོས་པའི་ངོས་འཛིན་གནང་བ་དེ་རེད། བོད་པའི་བུ་མོའི་ཁྲོད་དུ་གཡུ་མཚོ་ལས་གཞན་རྩོམ་རིག་འབྲི་ཤེས་པ་ཡོད་མི་ཆོག་པ་ གང་ཡིན་ནམ། དེ་ལྟར་མིན་ན་ཡིན་གཅིག་གཡུ་མཚོའི་མིང་དེ་འདིར་ཁུར་དགོས་དོན་གང་ཡིན་ནམ། ཁོང་གི་གསུང་སྒྲོས་ལ་གཞིག་དུས་བོད་མའི་བུ་མོར་ཁྱད་བསད་བྱེད་ཀྱི་ཡོད་པ་ངོས་ འཛིན་ཐུབ་པ་དེ་རེད།


བཀྲ་རྣམ་ལགས་སུ་མཐའ་དོན་དུ་ཞུ་རྒྱུར། བོད་ པའི་བུ་མོ་ཚོར་ཤེས་རིག་ཡར་རྒྱས་ཕྱོགས་སུ་བསྐྱོད་ཐབས་སུ་སྐུལ་འདེད་བྱེད་མ་ ཐུབ་ཀྱང་། ཁྱད་བསད་དང་མཐོང་ཆུང་རྩ་བ་ནས་མ་གནང་རོགས་ཞུ་རྒྱུ་དེ་ཡིན།