བཀའ་བློན་ཁྲི་ཟུར་འཇུ་ཆེན་སྐུ་གྲོངས་པར་མྱ་ངན་ཞུས།

དེ་བཞིན་ཚེས་ ༢ ཉིན་ས་གནས་སུ་མང་གཙོའི་དུས་དྲན་སྲུང་བརྩི་གྲུབ་རྗེས་སྦེལ་ཀོབ་ས་གནས་ཆུ་བཞི་སྒང་དྲུག་རྒྱུན་ལས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། དམ་པ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་དགོངས་པ་རྫོགས་པར་སྦེལ་ཀོབ་ས་གནས་མདོ་སྟོད་མི་མང་གིས་ཚབ་བྱས་ནས་མྱ་ངན་གུས་འདུད་ཞུས་པ་དང་། བདུན་ཚིག་དང་པོ་དང་སྐུ་གདུང་ཞུགས་འབུལ་ཉིན་མོ་བཅས་སུ་ཆོས་སྡེ་ཆེན་པོ་རྣམ་གྲོལ་གླིང་དང་སེ་ར་ཆོས་སྒར་གྱིས་གཙོས་པའི་རིས་མེད་དགོན་སྡེ་ཁག་ལ་བསྔོ་སྨོན་སྐྱབས་འཇུག་ཞུ་རྒྱུ་དང་། མི་མང་གིས་བསྔོ་སྨོན་འཚོག་རྒྱུ་ཡིན་ཞེས་ས་གནས་ཆུ་སྒང་ཚོགས་གཞོན་རྒན་འཇམ་དབྱངས་ལགས་ཀྱི་གསུངས་སོང་། །

མེ་སོར་གསར་འགོད་པས།