མང་གཙོའི་འཕེལ་རིམ་སྐོར་ལ་བགྲོ་གླེང།
བགྲོ་གླེང་ཐོག་གཏམ་བཤད་པ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་བཅས་ནས་སྐར་མ་༡༠ རེའི་རིང་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གྱི་ངང་ནས་བགྲོ་གླེང་བྱས་ཡོད་པ་རེད།
དེ་བཞིན་ཉིན་དེའི་ཕྱི་དྲོ་ཆུ་ཚོད་༢ དང་ཕྱེད་ཀྱི་ཐོག་དྷ་ས་ཉིན་སློབ་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་དང་བཅའ་ཁྲིམས་བསྐྱར་བཅོས་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་ཡོད་པ་རེད། །