བོད་མི་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཆད།

རྗེས་སུ་གཞན་རྣམས་གློད་གྲོལ་བཏང་ཡོད་འདུག་ཀྱང། ངོ་རྒོོལ་བྱེད་མཁན་དཀར་མཛེས་རྫོང་ལམ་སྣ་གྲོང་ཚོ་ནས་ཡིན་པ་རང་ལོ་༢༣ ཙམ་དུ་སོན་པ་བསམ་འཕེལ་དོན་གྲུབ།(ཕ་མིང་ཤེས་རབ་རྒྱ་མཚོ་དང།  མ་མིང་ལ་དབྱངས་ཅན་ལྷ་མོ།) ངོ་རྒོལ་བའི་གཏེ་བོ་ཡིན་པའི་ཉེས་མིང་བཙུགས་ཏེ་རྒྱ་ནག་གཞུང་གིས་དུས་ཡུན་ལོ་ངོ་༣ གྱི་ཁྲིམས་ཐག་བཅད་པ་དང། ཁྲི་ཏུའུ་ཉེ་ཁུལ་གྱི་བཙོན་ཁང་ཞིག་ནང་ངལ་རྩོལ་བསྒྱུར་བཀོད་དུ་བཏང་ཡོད་འདུག །