ལྡི་ལི་ཁྲིམས་ཁང་གོང་མའི་ཕྱི་ལོགས་སུ་འབར་རྫས་གས་འཐོར།
འབར་རྫས་གས་འཐོར་དེ་ནི་ཞོགས་པ་ཚོུད་༡༠་༡༥ ཐོག་བྱུང་ཡོད་ཅིང། རྒྱ་གར་གྱི་ནང་སྲིད་དྲུང་ཆེ་སྐུ་ཞབས་ཨར་ཀེ་སིང་གིས་གསུང་པར་གཞིགས་ན། འབར་རྫས་དེ་ནི་ལག་སྒམ་ཞིག་གི་ནང་བླུགས་ཏེ་ཉིན་ལྟར་མི་ཚོགས་རྒྱ་ཕྲག་མང་པོ་འཛོམས་པའི་སར་བཞག་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད། རྨས་སྐྱོན་ཕོགས་པའི་མི་རྣམས་ལ་ལྡི་ལིའི་གཞུང་གི་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ད་ལྟ་ལྡི་ལིའི་ཉེན་རྟོག་ལས་ཁུངས་ཀྱིས་འབར་རྫས་གས་འཐོར་བྱུང་བ་དེར་ཞིབ་འཇུག་བྱེད་མུས་ཡིན་པ་རེད།
རྒྱ་གར་ནང་སྲིད་བློན་ཆེན་སྐུ་ཞབས་པི་ཅི་དཱམ་བཱ་རམ་མཆོག་གིས་ད་ལྟ་འཚོག་བཞིན་པའི་གྲོས་ཚོགས་སྐབས་འབར་རྫས་གས་འཐོར་བྱུང་བ་དེ་ནི་འཇིགས་སྐུལ་བའི་བྱ་སྤྱོད་ཤིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་དང་སྦྲགས། གཏོར་རྒོལ་གྱིས་མི་གསོད་ཁྲག་སྦྱོར་བྱས་པ་དེར་སྐྱོན་བརྗོད་བྱས་ཡོད་པ་རེད།
ནང་སྲིད་བློན་ཆེན་མཆོག་གིས་རྐྱེན་འདས་སུ་ཕྱིན་པའི་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་གནང་ཡོད་པ་རེད། གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པ་བཱི་ཇེ་པིའི་ཚོགས་མི་སྐུ་ཞབས་ཨལ་ཀེ་ཨཌ་ཝ་ནི་མཆོག་གིས་འབར་རྫས་གས་འཐོར་བྱུང་བ་དེར་སྐྱོན་བརྗོད་བྱས་ཡོད་མ་ཟད། རྒྱ་གར་མི་རིགས་ཚང་མ་ད་ལྟའི་དུས་འདིར་སྡོག་རྩ་ཆིག་ཏུ་བསྒྲིལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།།