བལ་ཡུལ་གྱི་སྲིད་བློན་གསར་པ་རྒྱ་གར་དུ་ཕེབས་འཆར།

བལ་ཡུལ་གྱི་སྲིད་བློན་གསར་པས་མི་རིང་བར་བལ་ཡུལ་གྱི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་ཨ་རིའི་གྲོང་ཁྱེར་ནེའི་ཡོག་ཏུ་ཚོགས་མཆར་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འདུ་འཛོམས་ཚོགས་ཆེན་ཐེངས་༦༦ པའི་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད། སྲིད་བློན་གྱིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་དེ་ནམ་ཞིག་ལ་བལ་ཡུལ་ནས་ཕེབས་རྒྱུ་ཡིན་ད་དུང་དུས་ཚོད་གཏན་ཁེལ་བྱུང་མེད་ཀྱང་། ཕྱིར་ཕྱི་ཚེས་ ༢༤ ཉིན་འབྱོར་རྒྱུ་ཡིན་པ་སྲིད་བློན་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་གསུངས་ཡོད་པ་རེད།

དེ་བཞིན་ཕྱིར་ཟླ་འདིའི་ཚེས་ ༧ ཉིན་སྲིད་བློན་བལ་ཡུལ་བཅའ་སྡོད་རྒྱ་གར་གཞུང་ཚབ་པ་དང་མཇལ་འཕྲད་བྱས་ནས་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཕྱིར་འབྱོར་བ་དང་། ཁོང་གི་ཕྱིའི་གཞུང་འབྲེལ་མཚམས་གཟིགས་ཐོག་མ་དེ་གང་མགྱོགས་རྒྱ་གར་ལ་ཕེབས་རྒྱུ་ཡིན་པ་རེད།

སྲིད་བློན་སུ་ཡིན་ཡང་ཐོག་མའི་གཞུང་འབྲེལ་གཟིགས་སྐོར་དེ་རྒྱ་གར་དང་རྒྱ་ནག་སོགས་གང་ལ་ཕེབས་མིན་ཐད་སྤྱི་ཚོགས་ནང་བསམ་ཚུལ་མང་པོ་ཡོང་མྱོང་བ་དང་། དེ་ལྟར་སྲིད་བློན་རིམ་པ་མང་ཆེ་བས་ཐོག་མའི་གཞུང་འབྲེལ་གཟིགས་སྐོར་དེ་རྒྱ་གར་ལ་གནང་སྲོལ་ཡོད་པ་རེད།