བསྔོ་སྨོན་མཆོད་འབུལ།

namdol lang2011-9-7སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ལྔ་པ་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར། དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ། སེམས་ཅན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་དཔལ་རྡོ་རྗེ་སེམས་དཔའ་དང་བླ་མ་མཆོད་པའི་ཆོ་གའི་སྒོ་ནས། ཉིན་གཅིག་གི་རིང་ལ་ཚོགས་མཆོད་བསྔོ་སྨོན་གནང་ཡོད་པ་རེད། དེ་བཞིན་དཔལ་ལྡན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་གི་སྐུ་གདུང་ཞུགས་འབུལ་བྱེད་བཞིན་པའི་དུས་ཚོད་དང་བསྟུན་ནས། སྦེལ་ཀོབ་ས་གནས་ཆུ་བཞི་སྒང་དྲུག་གི་སྐྱབས་ཞུའི་སྙན་སྐུལ་བཞིན་བཟང་སྤྱོད་སྨོན་ལམ་དང་བདེ་སྨོན་སོགས་ཆུ་ཚོད་གཅིག་རིང་གནང་ཡོད་པ་རེད།།
མེ་སོར་གསར་འགོད་པས།