བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་ལ་བསྔོ་སྨོན།
དེ་ཡང་ཚོགས་ཐོག་ཏུ་ཆེད་དུ་གདན་ཞུས་ཀྱི་ཆོས་སྡེ་ཆེན་པོ་འབྲས་སྤུངས་སྒོ་མང་དང་བློ་གསལ་གླིང་། དགའ་ལྡན་ཤར་བྱང་གཉིས། དེ་བཞིན་ར་སྟོད་དང་། ས་སྐྱ་། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་རང་ཁོངས་ཀྱི་དགེ་འདུན་པ་དང་བཙུན་མ། མི་སྐྱ་ཁག་གཅིག་བཅས་ནས་སྐུ་གཤེགས་དམ་པ་མི་རྗེ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་བདུན་ཚིགས་དང་པོར་བསྔོ་སྨོན་མཆོད་འབུལ་དང་མ་ཎི་གསོག་སྒྲུབ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སོང་། སྐབས་དེར་མོན་གྷོ་ས་གནས་ཆུ་སྒང་ཚོགས་གཙོ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་འདི་ལྟར་བསྔོ་སྨོན་མཆོད་འབུལ་དགོས་དོན་སྐོར་དང། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་ཡོད་པ་རེད།།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།