ཐུགས་སྲས་དང་ཡང་སྤྲུལ།

བསྟན་པའི་ལག་རྗེས་ཤིག་ཡོད་དགོས།གསུངས་པ་བཞིན་བསམ་བཞིན་དུ་བསྟན་འགྲོའི་ཆེད་དུ་ཕེབས་པ་ཞིག་དང་དེ་བཞིན་གནས་གང་དངགང་དུ་བསྟན་འགྲོའི་འགྲོ་དོན་ལྷག་ཡོད་ཚེ་ཚུར་མ་བོས་མགྲོན་པོ་བཞིན་དུ་བྱོན་ཡོང་དགོས་པའི་ཚོད་འདྲ་ཞིག་རེད། ཡིན་ནའང་སྐྱེ་འགྲོ་བསོད་ནམས་ཀྱིས་མ་ཆུན་པས་ཕར་བཙལ་འཚོལ་དགོས་པར་བྱུང་བ་ཡིན་པ་གོར་མ་ཆག། དེ་ཡང་གྲ་རྐྱང་ཚོ་ལའང་སྡུར་མི་ཐུབ་པ་དེ་འདྲ་མང་པོ་ཞིག་ཡོང་ཚེ། གཏན་གཏན་སྐྱེ་འགྲོ་བསོད་ནམས་ཀྱིས་དབང་གིས་རང་རེ་བྱང་བསྟན་གྱི་ཕུག་པ་བཞིན།ཁ་རྒྱབ་ཀྱིས་ཕྱོགས་པས་དེ་ལ་མཆོག་གི་ཉི་མས་འཕྲིན་ལས་ཀྱི་འོད་ཟེར་མི་འཇུག་པ་ཡིན་པས་གནད་དོན་དེའི་ལམ་ལུགས་ནི་སྤྱི་ཚོགས་ནང་དགོས་མཁོ་ལ་ངེས་པར་གཞིག་དགོས་པའི་ཚད་དུ་སླེབ་པ་རེད།

སྤྱི་ཚོགས་ཤིག་གི་འགན་འཁྲི་གླེང་ཚེ་ངེས་པར་དུ་འགོ་ནས་མཇུག་བར་མ་མཐའ་ཕྱོགས་ཙམ་བལྟས་ནས་གླེང་དགོས་པ་ནི་གླེང་དོན་ལམ་སློང་ཆེད་དུ་ཡིན་པར་སོང་། ད་ལྟ་ང་ཚོ་ཆོས་སྲིད་ཟུང་དུ་འབྲེལ་བའི་ལམ་ལུགས་འདི་འོག་གྲ་པས་བསམ་དགོས་པའི་ཕྱོགས་ཡོངས་དགའ་ལྡན་ཁྲི་རབས་ཀྱི་གནས་སྤར་དེ་བཞིན་མཁན་པོ་ཁྲི་རབས་ཀྱི་གནས་སྤར་ཡང་སྤྲུལ་ངོ་འཛིན་ཕྱོགས་སོགས་ལ་དཀའ་ངལ་ཆེན་པོ་ཅི་ཡོང་དགོས་དོན་མེད་པ་འདྲ་པོ་རེད། ཡིན་ནའང་འདི་ལོ་༧་གོང་ས་མཆོག་ནས་སྲིད་དབང་མི་དམངས་ཀྱིས་བཀོས་པའི་དབུ་ཁྲིད་ལ་རྩིས་སྤྲོད་པ་འདི་ནས་མ་འོངས་པརཡང་སྤྲུལ་ངོས་འཛིན་པྱོགས་ཐད་ལམ་ལུགས་གསར་པ་ཞིག་གི་ཐོག་ཕྱིན་པ་རེད་སྙམ། ༧རྒྱལ་མཆོག་ལྔ་པ་ནས་བཟུང་ཆོས་སྲིདགཉིས་སྲིད་སྟེགས་གཅིག་གིས་འོག་ནས་སྤྲུལ་ངོས་འཛིན་ཕྱོགས་ཡང་། རྒྱལ་པན་རྣམ་གཉིས་ཕན་ཚུན་ངོས་འཛིན་གནང་རེས་ནས་དེ་འོག་གི་གཞུང་སྤྲུལ་བླ་ཆེན་སོགས་ནས་བཀའ་གཅིག་རྒྱུད་གྱི་ཚུལ་དུ་ངོས་འཛིན་བཞིན་པ་འདི་དག་རེད།མ་འོངས་པར་༧གོང་ས་བཅོ་ལྔ་པའི་མཚན་གནས་གང་འདྲ་ཞིག་གི་ཐོག་ནས་འདི་དག་བཀའ་གཅིག་རྒྱུད་ཀྱི་ཚུལ་དུ་ཐག་བཅད་པ་དང་སྤྱི་ཡོངས་ནས་གུས་བཀུར་ཐོབ་མིན་ནི་བཤད་ཁག་པོར་སོང་། དེ་ལས་གཞན་ཐབས་ལམ་ཅི་ཡོད་སོགས་བསམ་དགོས་པའི་གནད་དོན་ཞིག་ཀྱང་རེད། གལ་སྲིད་ལམ་ལུགས་འདི་ཆུ་བོ་གཅིག་འདུས་ལྟར་ཡང་སྤྲུལ་ངོས་འཛིན་ཕྱོགས་ལ་ཡང་གཅིག་སྡུུད་ཀྱི་ལམ་ཞིག་མེད་ཚེ་མ་འོངས་པར་དགེ་འདུན་ནང་འགལ་དང་སྤྱི་ཚོགས་དུམ་བུར་ཕྱོགས་གཉིས་སུ་གྱེས་པའི་གཞི་རྩ་བརྟན་པོར་ཆག་པ་རེད་དྲན།དེང་སང་བོད་ནས་གོ་ཐོས་ལྟར་ན་བླ་མ་ཆེན་པོ་ཆེ་གེ་མོ་ཞིག་གི་ཡང་སྼིད་གསུམ་ཡོད་པར་བཤད་རྒྱུ་འདུག་པ་སོགས་མི་རྣམ་ཀྱི་གཡོ་སྒྱུ་དྲན་འཕྲུལ་གྱི་འོག་ནས་བླ་མ་ཞིག་དང་དགོན་བདག་ཟེར་བ་ཚོའི་ཡང་སྲིད་གཉིས་གསུམ་འབྱུང་ངེས་པ་སོགས་ལམ་ལུགས་འདིའི་མ་འོངས་པར་དགེ་མཚན་དང་སྐྱོན་གནས་རྣམས་བསྡུུར་ནས་ད་ལྟ་ནས་བསམ་དགོས་པ་དང་གླེང་དགོས་པའི་གནད་དོན་ཞིག་རེད་དྲན།

རྣམ་འགྲེལ་ལས།རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ།ཞེསཔ་ལྟར་བཟང་ངན་གྱི་རྒྱུ་གང་ཚོགས་ན་འབྲས་བུ་ཡང་དེ་འདྲ་ཞིག་གྲུབ་ཡོང་བ་ནི་རྒྱུ་འབྲས་དངོས་པོའི་ཆོས་ཉིད་ཀྱི་འགྲོ་སྟངས་ཤེས་ན་དེ་གསལ་ངེས་རེད།དེས་ན་དེང་སང་བླ་ཆེན་དང་དགོན་བདག་སོགས་ཡང་སྤྲུལ་མིང་འཛིན་པ་ཚོ་མ་འོངས་པར་བསྟན་པ་འཛིན་སྐྱོངས་གང་འདྲ་ཞིག་དང་ཇི་ཙམ་གྱིས་ནུས་པར་འདོན་གནང་ས་རེད།ད་ལྟ་ནས་མངོན་དཔག་ཞིག་བྱས་ན་ཕལ་ཆེར་གསལ་ལེར་ཤར་ངེས་རེད། དེང་སང་བོད་ཕྱི་ནང་གཉིས་ཀ་འདི་ཡི་ཐོག་གསུང་སྐད་རྒྱབ་མཁན་མི་ཉུང་བ་ཞིག་ཡོད་རེད།དཔེར་ན་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ནས་ཡང་སྤྲུལ་མིང་འཛིན་པ་ཚོར་ལམ་སྟོན་བཀའ་སློབ་དང་འབྲེལ་ནས་གང་གསུངས་འདུག་པ་ནི་བློ་མིག་མཐོང་རྒྱ་ཡང་པ་ཞིག་ཡིན་ཚེ་མཐོང་ཡོད་ངེས། ཁོང་གིས་དེང་སང་བླ་མ་ཡང་སྤྲུལ་མིང་འཛིན་པ་ཚོ་བླ་བྲང་ག་གེ་མོ་ཞིག་གི་ཤུལ་འཛིན་དང་། དེ་བཞིན་ལ་ལར་དཔལ་འབྱོར་སྡུད་བྱེད་ཀྱི་ལག་ཆ་ལྟ་བུར་དང་། སྟོན་པས་ལྷ་དང་བཅས་པ་བདུད་དང་བཅས་པ་སུས་ཀྱང་གིས་ངའི་བསྟན་པ་འདི་སྣུབ་མི་ནུས་ཀྱང་ངའི་རྗེས་འཇུག་མིང་འཛིན་པ་ཚོས་སྣུབ་ཐུབ་པའི་ལུང་དང་སྦྱར་ནས་གསུངས་འདུག་པ་དང་།ཁོང་གི་གསེར་རྟ་བླ་རུང་ལྟ་བུ་རྒྱུན་འཛིན་མཁན་ནི་ཁོང་གི་ཡང་སྤྲུལ་ཞིག་མིན་པར་སྐུ་ཚེ་གང་པོར་གསོ་སྐྱོང་གནང་བའི་ཐུགས་ཀྱི་སྲས་པོ་ལྟ་བུར་མཁན་ཆེན་ཚུལ་བློ་མཆོག་ལ་གནང་བ་ལྟ་བུ་ནི། དེང་གི་དུས་ནས་ཇི་སྲིད་བར་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ནམ་དགོན་པ་ཆེ་གེ་མོ་གདན་ས་ཆེ་གེ་མོ་རི་ཁྲོད་ཆེ་གེ་མོ་སོགས་ཀྱི་ལམ་ལུགས་རྒྱུན་འཛིན་མཁན་ནི་ཐུགས་སྼས་དང་ཡང་སྤྲུལ་གཉིས་ལས་ཐུགས་ཀྱི་སྲས་པོ་དེ་གཙོ་ཆེ་བར་འཛིན་དགོས་པའི་ཉེ་རབ་ཀྱི་ལམ་སྟོན་ཞིག་རེད་དྲན། སྔོན་གྱི་དུས་སུ་འཇམ་མགོན་ཙོང་ཁ་པ་ཆེན་པོས་ཀྱང་ཁོང་ཉིད་ཀྱིས་ལམ་ལུགས་སྐྱོང་མཁན་ཁོང་གི་ཡང་སྤྲུལ་ལ་བདག་དབང་མ་གནང་བར་ཐུགས་ཀྱི་སྲས་པོ་རྒྱལ་ཚབ་མཆོག་ཁྲི་རབས་ཀྱི་གདནའཁོད་པ་སོགས་མིག་དཔེར་བལྟ་ས་ནི་ཇི་སྙེད་ཡོད་རུང།དེང་གི་དུས་ནི་དེ་ལས་ལྡོག་ནས་ཤག་ཚང་རེ་ནང་ཡང་སྤྲུལ་རེར་ཡང་སྤྲུལ་བཙལ་བ་ལ་དགའ་བའི་དུས་རབས་ཤིག་ཡིན།

མཐའ་དོན་ཡང་སྤྲུལ་གླེང་དུས་ཆབ་སྲིད་དང་མ་འོངས་པར་བོད་མི་རིགས་ཀྱི་དགོས་དབང་སོགས།ལས་དོན་གྱི་སླད་དུ་མཚན་ནས་སྨོས་ཚེ་༧གོང་ས་སྐྱབ་མགོན་ཆེན་པོའི་མ་འོངས་ཡང་སྤྲུལ་ཡང་མ་སྨོས་འཐུ་མེད་དུ་སོང་གཤིས་རིམ་པར་ལྷོད་དུས་དང་དཀའ་ངལ་ཞི་བའི་སྐབས་དག་ཏུ་གླེང་ངེས་པ་ཡིན།