བལ་ཡུལ་དུ་ཨེན་དྷི་རཱ་ ཇཱ་ཏརཱ་ཞེས་པའི་དུས་ཆེན་སྲུང་བརྩི།
སྲོལ་རྒྱུན་གྱི་འབག་གྱོན་ཞབས་བྲོ་འཁྲབ་ནས་མཛད་སྒོ་ཚོགས་ཡུལ་རྒྱལ་སའི་དཀྱིལ་དབུས་ Hanumandhoka ཞེས་པར་འཛོམས་ནས། དེར་རྒྱལ་ཁབ་ཀྱི་སྲིད་འཛིན་སྲིད་བློན་གྱིས་གཙོས་གནད་ཡོད་མི་སྣ་ཁག་དང་། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་སོགས་འཛོམས་ཡོད་པ་རེད།
ཉིན་དེར་ད་དུང་མི་དང་ཆགས་སྤྱོད་ལུས་འབྲེལ་བྱུང་མེད་པའི་ལྷ་མོར་འདེམས་པ་ཀོའུ་མ་རེས་ཡང་ལྷ་ཁང་ནས་ཕྱི་ལ་ཡོང་སྟེ་མི་མང་ལ་མཇལ་ཁ་ཞུ་སྲོལ་ཡོད་ལ་། རྒྱལ་ནང་གི་ཧིན་རྡུའི་ཆོས་དད་པ་དང་ནང་པའི་མི་རིགས་གཉིས་ནས་ལོ་མང་རིང་གི་ལོ་རྒྱུས་རང་བཞིན་ལྡན་པའི་དུས་ཆེན་གལ་ཆེན་དུ་བརྩི་བ་དང་། སྲོལ་རྒྱུན་ལྟར་ན་དུས་ཆེན་དེ་ཉིན་གྲངས་བརྒྱད་རིང་སྲུང་བརྩི་བྱེད་བཞིན་ཡོད་པ་ལས་ཉིན་དང་པོ་བལ་ཡུལ་གཞུང་འབྲེལ་གྱི་གུང་སེང་བཏང་ཡོད་པ་རེད།།