ཕ་སྐད་གཙང་མའི་གླུ་གཞས་འགྲན་སྡུར་དང་པོ་ཡིན།

 

bapa_11_9_2011

དངོས་གཞིའི་འགྲན་སྡུར་དེ་ཟླ་རྗེས་མའི་ནང་ཚོགས་འཆར་ཡོད་ཅེས་གོ་སྒྲིག་པས་འགྲེལ་བརྗོད་བྱས་སོང་ལ། ད་ཐེངས་བསྡོམས་པའི་གཞས་པ་གཞས་མ་ ༢༤ མཉམ་ཞུགས་བྱས་པའི་ནང་བུ་མོ་གསུམ་ཡོད་པ་དང། མཐའ་མའི་འགྲན་ཞུགས་པ་བརྒྱད་ཀྱི་ནང་དུ་བུ་མོ་གཅིག་ཀྱང་ཚུད་མེད་པ་རེད། འགྲན་ཞུགས་པ་ཚང་མ་གཞས་པ་གསར་པ་གཞོན་སྐྱེས་ཤ་སྟག་ཡིན་པ་མ་ཟད། མང་ཆེ་བ་སློབ་གཉེར་བ་རེད་འདུག

lodue palsangགླུ་གཞས་འགྲན་སྡུར་གྱི་དཔྱད་འདེམས་པ་ནི། བོད་གཞུང་ཟློས་གར་ཚོགས་པའི་དགེ་རྒན་བློ་བཟང་བསམ་གཏན་ལགས་དང་། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་རོལ་དབྱངས་དགེ་རྒན་འཕྲིིན་ལས་རྣམ་རྒྱལ་ལགས། རྩོམ་པ་པོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས། ཡོངས་གླིང་སློབ་གྲྭའི་ཟློས་གར་དགེ་རྒན་བསྟན་འཛིན་དཔལ་མོ་ལགས། གཞས་པ་ངག་དབང་འབྱུང་གནས་ལགས་བཅས་ཡིན་རེད།

བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་བྱས་པའི་གླུ་གཞས་འགྲན་ཚོགས་འདིའི་དམིགས་ཡུལ་གཙོ་བོ། བོད་མི་རིགས་ཀྱི་སྐད་ཡིག་རྒྱུད་འཛིན་ཁྱབ་སྤེལ་ཆེད་དུ་ཡིན་པ་དང་། དཔྱད་འདེམས་པ་རྣམས་ཀྱིས་ཀྱང་མུ་མཐུད་ལས་འགུལ་འདིའི་རིགས་སྤེལ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།།

arig_10_9_2011

{jcomments on}