དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཆ་ཚང་འདེམས་ཐུབ་སོང་།

དབུས་གཙང་ཆོལ་ཁའི་སྤྱི་འཐུས་གཉིས་པོ་དེ་ནི་ཟླ་བ་ཕུན་སྐྱིད་དང་འཇིགས་མེད་འབྱུང་གནས་ཡིན་པ་དང། ཟླ་བ་ཕུན་སྐྱིད་ལ་འོས་གྲངས་༩༧༨༣ ༼ ༦༡.༦༤%༽ དང་། འཇིགས་མེད་འབྱུང་གནས་ལ་འོས་གྲངས་༨༠༧༥ ༼༥༠.༨༨%༽བཅས་ཡིན་པ་རེད།

འོས་མི་གཞན་གཉིས་ཀྱི་འོས་གྲངས་ནི་པདྨ་རྡོ་རྗེ་ལ་འོས་གྲངས་༦༥༡༡དང། དབུ་རྒྱན་བསྟན་འཛིན་ལ་འོས་གྲངས་༦༠༩༠ཐོབ་འདུག

ཐེངས་འདིའི་དབུས་གཙང་ཆོལ་ཁའི་བར་མའི་སྤྱི་འཐུས་འོས་བསྡུ་ནང་འོས་བསྡུའི་དེབ་འགོད་བྱེད་མཁན་༤༥༨༧༤བྱུང་ཡོད་པ་ལས། མི་གྲངས་༡༥༨༧༠ དངོས་སུ་འོས་བླུགས་ཡོད་པ་རེད།།