རྒྱ་གར་རྒྱལ་ཡོངས་ནང་སྨན་རྩིས་ཁང་གི་འགྲེམས་སྟོན།

འགྲེམས་སྟོན་མཛད་སྒོ་དེའི་ཐོག་སྐུ་མགྲོན་གཙོ་བོ་མོན་གྷོ་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གཙོས་གཞིས་ལས་ཁང་དང་། མཉམ་འབྲེལ་སོགས་ས་གནས་ཀྱི་ལས་སྣེ་བ་ཡོངས་དང་།   གྲྭ་ཚང་ཁག་ཕྱག་མཛོད་སོགས་ཕེབས་ཡོད་པ་རེད།

mantse kang 2011  9 11 2དེ་ཡང་འགྲེམས་སྟོན་གོ་སྒྲིག་གནང་མཁན་དབུས་སྨན་རྩིས་ཁང་གི་སྨན་པ་བློ་བཟང་བཟོད་པ་ལགས་ཀྱིས་མི་མང་ལ་འགྲེམས་སྟོན་འདི་ལྟར་བྱེད་དགོས་དོན་དང་དེའི་དམིགས་ཡུལ་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་གནང་དོན།    ང་ཚོའི་འགྲེམས་སྟོན་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་དེ་སྨན་རྩིས་ཁང་བཙུགས་ནས་མི་ལོ་ལྔ་བཅུ་ལྷག་འགྲོ་བཞིན་ཡོད་པ་རེད།   དེའི་བརྒྱུད་རིམ་ནང་དུ་སྨན་པ་རྒན་རབས་པ་ཚོས་སྐུ་ངལ་ག་ཚོད་བསྐྱོན་ཡོད་མེད་དང་།   དེ་བཞིན་འདས་པའི་ལོ་ལྔ་བཅུའི་སྨན་རྩིས་ཁང་འགྱུར་བ་ག་ཚོད་ཕྱིན་ཡོད་མེད།   གཞུང་དང་མི་མང་ལ་ཞབས་ཞུ་གང་ཞུས་ཀྱི་བརྒྱུད་རིམ་དང་དེའི་ཕན་འབྲས་ཅི་བྱུང་བཅས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།     ཡང་ཁོང་གིས་དམིགས་བསལ་གཞིས་ཆགས་ཁག་ལ་ཡོང་དགོས་དོན་དེ་ཡང་འབྱུང་འགྱུར་གཞོན་སྐྱེས་ཚོའི་བོད་པའི་རིག་གཞུང་ངམ་སྨན་རྩིས་སྐོར་ལ་དོ་ཁུར་གང་འདྲ་ལེན་དགོས་མིན་དང་།   མ་འོངས་པར་བོད་པ་ཙམ་མིན་པར་འཛམ་གླིང་ནང་བོད་སྨན་ཐོག་ནས་ཞབས་འདེགས་ག་རེ་བསྒྲུབ་ཐུབ་མིན་བཅས་ཀྱི་དམིགས་ཡུལ་བཟུང་ནས་འགྲེམས་སྟོན་འདི་བྱེད་ཀྱི་ཡོད་ཅེས་དང་། བོད་སྨན་གྱི་དམིགས་བསལ་ཁྱད་ཆོས་སྐོར་ལ་གསུང་དོན།   སྤྱིར་བཏང་སྲོལ་རྒྱུན་རིག་གཞུང་གང་འདྲ་ཞིག་ཡིན་ཡང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་ཡོད་པ་རེད།   དེང་སང་འཛམ་བུ་གླིང་གི་ནང་དུ་སྨན་སྣ་རིགས་འདྲ་མིན་ཡོད་པ་རེད་དེ། བོད་པའི་སྨན་ལ་དམིགས་བསལ་གྱི་ཁྱད་ཆོས་སྨན་གྱི་སྦྱོར་རྟ།  རྩ་དང་ཆུ་སོགས་བརྟགས་ཐབས་རིག་པ།  ལྷག་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོའི་ནང་སྲོལ་རྒྱུན་གྱི་སྨན་མང་ཆེ་བའི་མིའི་ལུས་ཁམས་སམ་གཟུགས་པོར་ཕན་པ་མ་གཏོགས་གནོད་སྐྱོན་མེད་པར་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། བོད་སྨན་ལ་དམིགས་བསལ་མཐོང་ཆེན་བྱེད་བཞིན་ཡོད་པ་རེད།   བོད་པ་རང་ཉིད་ཀྱིས་ངོས་ནས་སོ་སོའི་རིག་གཞུང་ལ་བདག་གཅེས་བྱེད་རྒྱུ་ཕྲག་ཏུ་བབ་པའི་ལས་འགན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  ང་ཚོས་ངོས་ནས་མོན་གྷོ་ས་གནས་ཙམ་མིན་པར་འགྲེམས་སྟོན་འདི་བཞིན་རྒྱ་གར་རྒྱལ་ཡོངས་སུ་བྱས་དང་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
མོན་གྷོ་གསར་འགོད་པས།

{jcomments on}