ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད།
འདི་ཟླའི་ཚེས་མགོར་བློ་བཟང་དངོས་གྲུབ་ལགས་ཀྱིས་ཁོ་རང་གི་ནང་མིར་ཁ་པར་བརྒྱུད་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་སོང་ཞེས་བཤད་ཡོད་པ་ལས། ད་ལྟ་ནང་མི་དང་ཐུག་འཕྲད་གང་ཡང་བྱུང་མེད་པ་དང་། ཁོང་གིས་ནང་མིར་ཁ་པར་བརྒྱུད་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་ནའང་། བོད་ཀྱི་རང་དབང་གི་ཆེད་དང་བོད་མི་རིགས་ཀྱི་ཆེད་དུ་བཙོན་འཇུག་བྱས་པ་ལས། ཚུལ་མཐུན་མིན་པའི་རྐུན་ཇག་འཕྲོག་བཅོམ་སོགས་བྱས་ནས་ཉེས་ཁྲིམས་ཕོག་པ་མིན་པས། སེམས་ལ་དཀའ་ངལ་དང་སེམས་སྡུག་ཡོང་གི་མི་འདུག་ལ། དེ་བཞིན་ཁྱེད་རང་ཚོས་ཀྱང་སེམས་ཁུར་བྱེད་དགོས་ཀྱི་ཡོད་པ་མ་རེད་ཅེས་བཤད་ཡོད་འདུག
ཁོང་ད་ལྟ་བཙོན་འཇུག་བྱེད་ས་ནི་རྒྱ་ནག་གི་ས་ཆ་ནཱེ་ཡང་ཞེས་པ་དེ་རེད་ཅེས་མིང་བརྗོད་འདོད་མེད་པའི་དཀར་མཛེས་པ་ཞིག་གིས་གསར་འགྱུར་མཁོ་སྤྲོད་བྱས་སོང།།