༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ལ་རྒྱབ་ཀྱི་ནུ་བོ།༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
དགོངས་པ་ནམ་ཚོམས། ངས་ཁྱེད་ཀྱི་སྐྱིད་སྣང་དོད་པའི་བྱིས་དུས་དེར།
རྩེད་གྲོགས་བྱེད་མ་ཐུབ་ལ།
རིན་ཐང་བྲལ་བའི་མི་ཚེའི་མདུན་ལམ་འཚོལ་རོགས་དེ་བས་ཀྱང་མ་འཇོན།
རེད་དེ།
ཨ་ཅེའི་ལུས་སེམས་ཟུང་ཁྱེད་ཕྱོགས་སུ་ཕྱོགས་བཞིན།
ལེ་བར་ཁྲི་ཕྲག་དུ་མའི་ཕར་རྒྱབ་ནས་སློབ་ལ་འབུངས་བཞིན་ཡོད།
ཡིད་མ་སྐྱོ། ངའི་སྙིང་གི་མིང་པོ་རྐང་གཅིག
ངས་ཁྱོད་འཇིག་རྟེན་འདིར་ཇི་ཙམ་ཉམས་དམའ་བའི་འཚོ་བར་རོལ་བ་ཤེས་ལ།
ཇི་ཙམ་ཡིད་སྐྱོ་བའི་བུ་ཕྲུག་ཅིག་ཡིན་པ་དེ་བས་ཤེས།
འདི་ནི་ཕལ་ཆེར་ངེད་མིང་སྲིང་ཟུང་ལ་དབང་བའི་ལས་དབང་དེ་ཡིན་ཤས་ཆེ།
ཨ་ཅེས་རི་ཆུ་སྟོང་གསུམ་གྱི་ཕར་རྒྱབ་ཀྱི་རེ་བ་གསོན་པོ།
ཁྱོད་ཀྱི་ཉིན་རེའི་འཚོ་བར་འདྲེས་ཡོད་པས།
ཁྱོད་ཀྱིས་ཞུམ་མེད་ཀྱི་སྙིང་སྟོབས་དང་འགྲོགས་ནས།
མ་འོངས་པའི་ལམ་ཆེན་དེར་ཤར་བསྐྱོད་བྱོས་དང་།
ངས་ཁྱོད་ལ་རྒྱང་རིང་ནས་གསོལ་འདེབས་ཞུ་ཞིང་རེ་སྒུག་བྱ།
མུ་མཐའ་མི་མངོན་པའི་ས་ཕྱོགས་འདི་ནས།
ཨ་ཅེས་ཁྱོད་ལ་སྨོན་འདུན་ཞུ་ལ། རྒྱང་ལྟ་བྱེད།
མ་ཚད།
སུས་ཀྱང་མི་མཐོང་བའི་སྐྱེ་བ་ཕྱི་མར་ཡང་།
ངས་བསམ་རྒྱུ་ནི་རྒྱང་རིང་གི་ནུ་བོ་ཁྱོད་ཉིད་ལགས།