བཀའ་སྤྱི་གཉིས་ནུས་པ་མཉམ་དུ་སྤུངས་རྒྱུར་འབད་བརྩོན་དགོས།

དེ་ཡང་ཚོགས་གཙོ་མཆོག་གིས་བོད་མི་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ད་ལྟ་༧གོང་ས་མཆོག་བགྲེས་ཡོལ་གནང་ནས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་གནང་ཟིན་པས། ཚང་མས་སྔར་ལྷག་འགན་ཁུུར་དགོས་པའི་སྐོར་གསུངས་པ་དང་། ཡང་ཁོང་གིས་བོད་ནང་དུ་རྒྱ་ནག་གིས་གདུག་རྩིབ་ཀྱི་ལས་འགུལ་མུ་མཐུད་སྤེལ་གྱི་ཡོད་པ་མ་ཟད། ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པས། ད་ལྟ་རྒྱ་ནག་གི་འོག་ཆབ་སྲིད་ཀྱི་སྐྱབས་བཅོལ་མང་པོ་ཡོད་ནའང་། མ་འོངས་པ་ཁོར་ཡུག་གི་སྐྱབས་བཅོལ་བ་དེ་ལས་མང་བ་ཆགས་ཉེན་ཡོད་སྐོར་དང། རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་ཕྱིན་གྱི་ཡོད་ནའང། དབུལ་ཕྱུག་གི་དབྱེ་འབྱེད་ཆེ་བ་དང། ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་བར་ཧེ་བག་ཆེ་བ་སོགས་ཀྱི་དཀའ་ངལ་ཡོད་སྐོར་གསུངས་སོང་།

penba tsering_2011_9_16ཚོགས་གཙོ་མཆོག་གིས་མུ་མཐུད་བཙན་བྱོལ་ནང་གི་ལས་དོན་བྱེད་ཕྱོགས་སྐོར་གསུང་དོན།  རྒྱ་ནག་གི་གནས་བབ་དང་། བོད་ནང་གི་གནས་བབ་ལ་གཞི་བཅོལ་བའི་ཐོག་ང་ཚོའི་ལས་གཞིའི་ཐོག་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ནས་ནུས་ཤུགས་འདོན་དགོས་པ་གལ་ཆེན་པོ་རེད། རང་བཙན་ཡོད་མཁན་གྱི་གྲོས་ཚོགས་ཡིན་ན་ཁྲིམས་བཟོ་དང་། སོ་སོ་འཐུས་མིར་ཡོང་ཁོངས་ས་གནས་ཀྱི་བདེ་སྡུག་གཅིག་པུར་བལྟས་ན་འགྲིག་པ་ལྟ་བུ་རེད་མོད། ང་ཚོ་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་སྤྱི་འཐུས་རྣམ་པ་ཚོ་ཡིན་ནའང་ཁྲིམས་བཟོས་པ་ཙམ་དང། འཛིན་སྐྱོང་ལ་སྟངས་འཛིན་བྱས་པ་ཙམ་མ་ཡིན་པར། བོད་དོན་རྒྱབ་སྐྱོར་ཆེད་ཕྱི་འབྲེལ་སོགས་ལ་ནུས་ཤུགས་འདོན་དགོས་སྐོར་སོགས་གསུངས་ཡོད་པ་རེད།

ཡང་ཚོགས་གཙོ་མཆོག་གིས། སྤྱིར་བཏང་རྒྱལ་སྤྱིའི་ནང་སོ་སོའི་རྒྱལ་ཁབ་ཀྱི་ཆབ་སྲིད་ལངས་ཕྱོགས་གང་ཡིན་མིན་ལ་མ་ལྟོས་པར། བོད་མིར་ལྟ་སྟངས་ཡག་པོ་རེད། ད་ལྟ་བོད་པའི་འཐབ་རྩོད་ཀྱི་ངོ་བོ་དབུ་མའི་ལམ་གྱི་ཐོག་བསྐྱོད་ཀྱི་ཡོད་པ་དང་། མ་འོངས་པར་མང་ཚོགས་ནང་དེ་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཤུགས་ཆེན་པོ་མ་སླེབས་ན། དེ་ལ་འགྱུར་བ་གཏོང་དགོས་དོན་ཡོད་པ་མ་རེད། ༧གོང་ས་མཆོག་གིས་ཕུགས་རྒྱང་རིང་པོར་གཟིགས་ཡོད་པ་ལས། དགོས་པ་རྒྱུ་མཚན་མེད་པ་དང་གནད་དོན་གཞན་པའི་དབང་གིས་བྱུང་མེད་པ་གསལ་པོ་རེད་ཅེས་རྒྱ་ནག་གིས་འཇམ་རྩུབ་གཉིས་ཀྱི་ངོ་བོའི་ཐོག་ནས་ཕྱི་རྒྱལ་ཁག་ཏུ་བོད་དོན་རྒྱབ་སྐྱོར་གྱི་ནུས་ཤུགས་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་ངོ་སྤྲོད་གནང་སོང་།

mp12འཛིན་སྐྱོང་བཀའ་ཤག་དང་གྲོས་ཚོགས་གཉིས་ཀྱི་ངོས་ནས་མང་གཙོའི་ལྟ་གྲུབ་དང་མཐུན་པའི་ལྗིད་མཉམ་སྟངས་འཛིན་ཡོད་པ་གཞིར་བཟུང་ཐོག ཕན་ཚུན་མཐུན་འགྱུར་ག་རེ་ཞུ་དགོས་ནའང་ཞུ་དགོས་པ་རེད། དེ་རིང་ལོ་རྒྱུས་ཀྱི་ཤོག་བུ་གསར་པ་ཞིག་ཁ་ཕྱེ་ཡི་ཡོད་པས། ང་ཚོའི་སྤྱི་ཚོགས་ནང་གི་རྙོག་གྲ་རྙིང་པ་ཕར་བཞག་ནས། ག་དུས་ཡིན་ཡང་བསམ་ཚུལ་གཅིག་པ་དགོས་ཀྱི་རེད་ཞུ་ཡི་མེད་ཀྱང་། ནུས་པ་སྤུང་དགོས་ས་ལ་སྤུང་དགོས་པའི་དུས་ཚོད་ཅིག་ལ་སླེབས་འདུག ང་རང་གི་ངོས་ནས་ནུས་པ་མཉམ་དུ་སྤུངས་ཐུབ་པར་འབད་བརྩོད་ཞུ་ཡིན་ཞེས་གསུངས་སོང་།

དེ་རྗེས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང་། རྙིང་མ་པའི་ཁྲི་རབས་ལྔ་པ་འཁྲུལ་ཞིག་རིན་པོ་ཆེ་རྣམ་གཉིས་སྐུ་གཤེགས་པར། གྲོས་ཚོགས་ནང་མྱ་ངན་གྲོས་ཆོད་དང་གུས་འདུད་ཞུས་ཡོད་པ་རེད།

དེ་རྗེས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་བློན་གྱི་འོས་མི་དྲུག་མིང་འདོན་གནང་བ་དང་། གྲོས་ཚོགས་ནང་དགག་པ་རྒྱག་མཁན་གཅིག་ཀྱང་མ་བྱུང་ནས་སྤྱི་མོས་ཀྱིས་བཀའ་བློན་དུ་བསྐོ་བཞག་བྱུང་ཡོད་པ་རེད།

new kalons༡ བཀའ་བློན་དྲུག་ནི་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་། ༢ དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་གྲུབ། ༣ བདེ་སྲུང་བཀའ་ཟུར་པདྨ་ཆོས་འབྱོར། ༤ སྤྱི་འཐུས་ཚོགས་གཞོན་ཟུར་པ་རྒྱ་རི་སྒྲོལ་མ། ༥ བྱང་ཨ་རིའི་སྤྱི་འཐུས་ལས་ཐོག་བདེ་སྐྱིད་ཆོས་དབྱངས། ༦ སྦེལ་ཀོབ་འཚོ་བཅུད་སྨན་ཁང་གི་ཕྱི་ལུགས་སྨན་པ་ཚེ་རིང་དབང་ཕྱུག་བཅས་ཡིན་པ་རེད།།

{jcomments on}