རྒྱ་ནག་གཞུང་གིས་གྲྭ་པ་གསུམ་ལ་ཁྲིམས་ཆད།

ཟླ་འདིའི་ཚེས་ ༡༦ ཉིནཚུལ་བོད་གནས་གནས་ཚུལ་འབྱོར་བ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་མཁོ་གཏོང་བྱས་པའི་ནང་འཁོད་དོན། གྲྭ་ཚེ་ཁོ་ནི་རྔ་པ་རྫོང་སྤྲོ་ཚིགས་ཞང་བསེ་སྐོར་སྡེ་བ་ནས་ཡི་པ་དང་། ད་ལྟ་རང་ལོ་ ༣༠ དང་། ཕ་མིང་ལ་འཇང་ཁོ་ཟེར་གྱི་ཡོད་འདུག lobsang darjee 01གྲྭ་བློ་བཟང་དར་རྒྱས་ནི་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་པ་དང་། རང་ལོ་ ༢༢ ཕ་མིང་ལ་ཚེ་རིང་བཀྲ་ཤིས་ཟེར་གྱི་ཡོད་འདུག ཁོང་གཉིས་ཀ་འདི་ལོའི་ཕྱི་ཟླ་༣ པའི་བོད་དོད་ཆེད་རང་ལུས་མེར་བསྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྤུན་མཆེན་ཡིན་འདུག གྲྭ་རྡོ་རྗེ་ནི་རྔ་པ་རྫོང་བློན་ཚང་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༡༦ ཕ་མིང་ལ་རབ་རྒྱས་ཟེར་གྱི་ཡོད་འདུག

ཁོང་གསུམ་ཀ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་མིང་གཡོགས་ནས་དེ་ལྟར་བཙོན་འཇུག་གི་ཐག་གཅོད་བྱས་པ་ཞིག་ཡིན་འདུག རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་ཕ་མ་གཅིག་པའི་སྤུན་བློ་བཟང་དར་རྒྱས་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བསྐྱར་དུ་འཛིན་བཟུང་གིས་བཀག་ཉར་བྱས་པ་ཡིན་ཞིང༌། གཞན་གཉིས་ཀྱང་དེའི་སྐབས་ཡས་མས་ཤིག་ལ་འཛིན་བཟུང་བཀག་ཉར་བྱས་པ་ཡིན་འདུག

dorjee 01-1འདི་ལོའི་ཕྱི་ཟླ་ ༩ ཚེས་འགོ་ནས་ཉིན་བཅོ་ལྔའི་རིང་ཀུརྟི་དགོན་པའི་གྲྭ་པ་རྣམས་ལ་དགོན་པའི་ངོས་ནས་གུང་སེང་སྤྲད་ཡོད་ཅིང་། དེང་སྐབས་གུང་སེང་གི་དུས་ཚོད་རྫོགས་ཡོད་ནའང༌། རྒྱ་གཞུང་གི་ལས་བྱེད་འབོར་ཆེན་ཞིག་ཡང་བསྐྱར་དགོན་པའི་ནང་ལ་འབྱོར་ནས་གྲྭ་པའི་ལག་ཁྱེར་ཟེར་བ་ཞིག་བཟོ་དགོས་ཚུལ་བརྗོད་ཀྱི་ཡོད་སྟབས། དགོན་པའི་གྲྭ་པ་ཧ་ཅང་ཉུང་ཉུང་ཞིག་ལས་དགོན་ནང་དུ་ཡོང་མེད་པར་ས་ཕྱོགས་གང་སར་འཐོར་ནས་ཡོད་འདུག་པས། དགོན་པའི་ལས་སྣེ་རྣམས་ལ་རྒྱ་གཞུང་གིས་ཉིན་རྟག་པར་སུན་གཙེར་བཟོ་བཞིན་ཡོད་འདུག

རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་སྐབས་དགོན་པའི་གྲྭ་པ་མང་པོ་ཞིག་གནས་དབྱུངས་བཏང་བའི་གསལ་བསྒྲགས་བྱས་ཡོད་ལ། གྲྭ་པ་དེ་དག་ལ་ད་ནས་བཟུང་ཀིརྟི་དགོན་པའི་ནང་ལ་མ་ཡོང་བར་གྲྭ་པ་ལོགས་པ་ཡིན་ན་རྒྱ་སྒོར་ཁྲི་གཉིས་སྤྲོད་རྒྱུ་དང༌། རྒྱ་སྒོར་ཁྲི་ལྔ་ལོ་གསུམ་གྱི་རིང་གཡར་རྒྱུ་ཡིན་ཚུལ་བཤད་ཡོད་པ་དང༌། དེ་མིན་ད་ལོའི་ཕྱི་ཟླ་གསུམ་པའི་རྗེས་སུ་གྲྭ་ལོགས་བྱས་པ་ཞིག་ཡིན་ཕྱིན་རྒྱ་སྒོར་ཁྲི་གཅིག་སྤྲོད་རྒྱུ་དང༌། ཁྲི་ལྔ་ལོ་གསུམ་གྱི་རིང་གཡར་རྒྱུ་ཡིན་ཞེས་བཤད་ཡོད་པར་མ་ཟད། རྐྱེན་གཞན་གྱིས་གྲྭ་ལོགས་བྱས་པ་རེ་ཟུང་ཡོང་གི་ཡོད་པ་རྣམས་ལ་ཡང་རྔན་པ་ཡིན་ཟེར་བའི་སྒོར་མོ་སྤྲོད་དུ་འགྲོ་ཡི་ཡོད་ཀྱང་ལེན་མཁན་བྱུང་མེད་འདུག །

{jcomments on}