འབྲུག་དང་འབྲས་ལྗོངས་བལ་ཡུལ་བཅས་ཀྱི་ཁུལ་ལ་ས་ཡོམ་བརྒྱབ་པ།

དེ་ཡང་བལ་ཡུལ་ནས་འབྲེལ་ཡོད་ཀྱིས་ངོ་དེབ་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཕྱི་དྲོའི་ཆུ་ཚོད་༦།༣༠ ཐོག་བལ་ཡུལ་དུ་ས་འགུལ་བྱུང་ནས། མཆོད་གཤམ་སྟེང་གི་དངོས་རྫས་དང་བརྙན་འཕྲིན་འཁྲུལ་འཁོར་སོགས་སར་ལྷུང་སོང་ལ། ཁང་པའི་ཐོག་གི་མུ་གཡམ་སོགས་མང་པོ་སར་ལྷུང་བ་དང་། གློག་ཆད་པའི་རྐྱེན་གྱིས་ཕན་ཚུན་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་པས་མི་དང་ཁང་པར་གནོད་སྐྱོན་ག་ཚོད་བྱུང་མིན་གསལ་ཁ་མི་འདུག ད་ལྟའི་ཆར་མི་ཚང་མ་ཉེན་གཡོལ་ཆེད་ཁང་པའི་ཕྱི་ལ་ཐོན་ནས་ཡོད་པ་དང་། ས་ཡོམ་འགུལ་ཚད ༦.༧་རེད་འདུག་ཟེར། ད་ལྟ་དགོན་པ་སོགས་ཀྱི་ཕྱི་ལོག་ལ་གུར་ཕུབ་པའི་གྲ་སྒྲིག་བྱེད་བཞིན་འདུག་ལ། དམག་མི་སླེབས་ནས་རྨས་སྐྱོན་བྱུང་བའི་མི་སྣར་རོགས་པ་བྱེད་བཞིན་འདུག་ཟེར། དེ་བཞིན་འབྲུག་ཡུལ་དང་། ཀ་རྡོར་སྒང་གསུམ་ལའང་ས་ཡོམས་ཤུགས་ཚད་དེ་ལས་ཆེ་བ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་ བཞིན་འདུག་པས་ཞིབ་ཕྲ་རྗེས་སུ་འགོད་རྒྱུ་ཡིན།