བསྔོ་སྨོན་མཆོད་འབུལ།
ལས་འགུལ་ཐོག་མཉམ་ཞུགས་གནང་མཁན་མོན་གྷོ་ས་གནས་ཀྱི་བཙུན་དགོན་བྱང་ཆུབ་ཆོས་གླིང་དང་། དེ་བཞིན་མོན་གྷོ་ས་གནས་ཀྱི་གཞིས་གྲོང་ཁག་དགུའི་མི་མང་མཉམ་ཞུགས་བྱས་ཡོད་པ་རེད། མོན་གྷོ་ས་གནས་གཞོན་ནུའི་ཚོགས་གཞོན་པདྨ་ཚེ་རིང་ལགས་ཀྱིས། བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ཀྱི་གཙོས་དཔའ་བ་དཔའ་མོ་རྣམས་དང་། སྔ་འགྱུར་རྙིང་མའི་བསྟན་བདག་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པ་དང་། བོད་གངས་ལྗོངས་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་དུས་དང་རྣམ་པ་ཀུན་དུ་བོད་སྤྱིའི་རྩ་དོན་དང་ལྷག་པར་དུ་༧གོང་ས་མཆོག་གི་བཀའ་དགོངས་འགལ་མེད་ཐོག ད་ལྟའི་བར་སྐུ་ངལ་བསྐྱོན་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་སྟན་རྣམ་རྒྱལ་མཆོག་སྐུ་མྱ་ངན་ལས་འདས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་བཅས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བཅས་སུ་བསྔོ་སྨོན་མཆོད་འབུལ་གྱི་ལས་འགུལ་འདི་སྤེལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
མོན་གྷོ་ས་གནས་གསར་འགོད་པས།