འབྱོར་ལྡན་མི་སྣ་༩༠% དམར་ཤོག་པའི་ཚོགས་མི་རེད།

དེ་ཡང་འཛམ་གླིང་གི་དབུལ་ཕྱུག་དཔྱད་ཞིབ་ཁང་ཞིག་ནས་རྒྱ་ནག་གི་འབྱོར་ཕྱུག་མི་སྣའི་སྙན་ཐོ་བཏོན་པའི་དཔྱད་བརྗོད་དེར། མཁས་དབང་ཇོན་ལཱི་ཡིས་འགྲེལ་བརྗོད་བྱེད་དོན།  རྒྱ་ནག་གི་འབྱོར་ཕྱུག་མི་སྣ་ ༡༠༠༠ ནང་ནས་ ༩༠༠ ཐམ་པ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་པ་དང། དེ་ནི་རྟགས་མཚན་ཡག་པོ་ཞིག་མ་རེད། རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱ་ནག་མི་མང་ལ་ལྟ་རྟོགས་བྱེད་མཁན་གི་གཞུང་འཛིན་ཚོགས་པ་ཡིན་ཞེས་བརྗོད་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་ཡོང་འབབ་རྣམས་མི་མང་ནང་བགོ་འགྲེམས་ཇི་ལྟར་བྱས་པར་གཞིགས་ཚེ།  ཚོགས་པ་གཅིག་གི་ལམ་ལུགས་དེས་མི་མང་ཚོར་ཕན་ཐོགས་མེད་པ་ཞིག་མངོན་པ་རེད།   རྒྱ་ནག་གི་སྒེར་པའི་ཚོང་སྡེ་རྣམས་གཞུང་གི་ཚོང་སྡེ་ལས་མཐུན་རྐྱེན་དམན་ཞིང།  གཞུང་གི་སྲིད་ཇུས་དང་རྒྱབ་སྐྱོར་གང་ཅིས་ཐད་ནས་གཞུང་གི་ཚོང་སྡེ་རྣམས་ལ་དམིགས་བསལ་ཆེ་བ་ཡོད།  དེ་ལྟ་ནའང་ལོ་རེའི་ཚོང་སྡེ་སྤྱི་ཡོངས་ཀྱི་ཁྲལ་བསྡུའི་ཡོང་བབས་ནང་གཞུང་གི་ཚོང་སྡེའི་ཁྲལ་འབབ་ཕྱེད་ཀ་མ་གཏོགས་མེེད།  རྒྱ་ནག་ནང་དཔལ་འབྱོར་ཡོང་སྒོ་ཆེ་ཤོས་ནི་གཞུང་གི་ཚོང་སྡེ་ཁག་ནས་ཡིན་ཞིང།  དེ་དག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༢/༣ ནི་དམར་ཤོག་ཚོགས་པའི་ཚོགས་མི་རེད།

རྒྱ་ནག་དམར་ཤོག་ཚོགས་པས་འདྲ་མཉམ་སྤྱི་ཚོགས་ཀྱི་ཡར་རྒྱས་དགོས་སྐོར་ཤུགས་ཆེན་པོ་ཤོད་ཀྱི་ཡོད། དཔྱད་ཞིབ་ཁང་དེས་བཏོན་པའི་འབྱོར་ཕྱུག་མི་སྣའི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་ནང་ཨ་རི་ཌོ་ལར་དུང་ཕྱུར་གྱི་བདག་པོ་མི་གྲངས་༡༤༦ ཡོད་པ་རེད།  དེའི་ནང་ནས་ ༡༢ བུད་མེད་ཡིན་པ་དང།  ༨ རང་ལོ་ ༤༠ མན་གི་མི་སྣ་ཡིན་འདུག།   ལོ་སྔོན་མའི་ནང་རྒྱ་ནག་གི་ཨ་རིའི་ཌོ་ལར་དུང་ཕྱུར་གྱི་བདག་པོའི་གྲངས་ཚད་དེ་༡༢༨ ཡིན་འདུག །