བོད་ནང་ས་ཡོམ་གྱི་གནོད་སྐྱོན།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན་ཟླ་འདིའི་ཚེས་༡༨ ཉིན་བོད་དབུས་གཙང་ཕྱོག་ཀྱི་གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཁག་ཅིག་ནང་ས་རུད་མང་བྱུང་བ་དང་། ཉིན་དེར་གློག་དང་ཆུ་གནོད་སྐྱོན་བྱུང་ཡོད་པ་རེད། གཏིང་སྐྱེས་རྫོང་གི་ཁང་པ་གསུམ་མར་རྡིབ་པ་དང་། དགོན་པ་གཅིག་ལ་གནོད་སྐྱོན་ཐེབས། གམ་པ་རྫོང་དུ་ཁང་པ་ཁག་རྡིབ་སྐྱོན་བྱུང་བ་དང་། རྣམ་གླིང་རྫོང་གི་སློབ་མ་ཕྱི་རུ་འགྲོ་སྐབས་མི་གཅིག་ལ་གནོད་སྐྱོན་ཐེབས་ཡོད་རེད། རྒྱ་གར་མངའ་སྡེ་སི་ཀིམ་ནས་ཀི་ལོ་མི་ཌར་༤༠ ཙམ་གྱི་མཚམས་སུ་ཡོད་པ་རེད།།