ཆ་ཕྲེང་རྫོང་གི་བོད་མིར་ཉེན་རྟོག་པས་དྲག་གནོན།
དེ་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༧ ཉིན་རླངས་འཁོར་ཁ་ལོ་བའི་འགོ་ཁྲིད་དང་བོད་མི་ལས་ཀ་བྱེད་མཁན་བར་འཁྲུག་རྩོད་ཤོར་བ་དང་། ཁ་ལོ་བའི་འགོ་ཁྲིད་བཀྲ་ཤིས་ལོ་དགའ་ཟེར་བ་ཞིག་གིས་རྫོང་དཔོན་དང་འབྲེལ་བ་བྱས་ཏེ། རྫོང་ནས་དམག་མི་དང་ཉེན་རྟོག་པ་བཏང་ནས། བོད་མི་ལས་ཀ་བྱེད་མཁན་ཚོའི་ནང་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་པར་བརྟེན། ལས་ཀ་བྱེད་མཁན་སུམ་བཅུ་ཙམ་ལ་རྨས་སྐྱོན་བཏང་བར་བརྟེན། ས་གནས་བོད་མིས་ཉེན་རྟོག་པར་ངོ་རྒོལ་བྱེད་སྐབས་དམག་མིས་མི་མང་ལ་གཅར་རྡུང་བྱས་ཏེ། མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད། ས་གནས་བོད་མིས་རྒྱ་ནག་གཞུང་ལ་ཉེན་རྟོག་པའི་ཚད་ལས་བརྒལ་བའི་བྱ་སྤྱོད་སྐོར་ལ་ལྟ་རྟོགས་དགོས་པའི་སྙན་སེང་བྱས་ཡོད་ནའང། ད་བར་ལན་གང་ཡང་རག་མེད་པ་རེད།