སྨན་གཟུངས་དུང་སྒྲུབ་འཚོགས་པ།

དེ་བཞིན་ལོ་རྟགས་པར་འཚོགས་རྒྱུ་ཡིན་པ་དང་། དེ་ཡང་དབུ་བཞུགས་ཇོ་བོ་སྐུ་ཆེན་དང་ལབ་མཁའ་ལྡིང་བ་རོད་ཡང་སྤྲུལ་རིན་པོ་ཆེ་སོགས་ཁམས་རྫ་ཆུ་ཁའི་བླ་ཆེན་ཁག་མཉམ་བཞུགས་ཀྱིས་ཉིན་རེར་སེར་སྐྱ་སྟོང་ཚོ་མང་པོས་དད་གུས་རྩེ་གཅིག་པས་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོའི་ཞབས་བརྟན་འཚོགས་ཡོད་པ་རེད། རྒྱུན་ལྡན་གུར་ཁག་ཉིས་བརྒྱ་ལྷག་དང་ཉིན་རེར་མོ་ཊ་བཞི་བརྒྱ་ལྷག་གིས་འཚང་ཁ་ཆེ་བའི་མི་མང་འདུ་འཛོམ་རྒྱ་ཆེན་བྱུང་སྐབས། རྒྱ་གཞུང་ཉེན་རྟོག་པས་ཆབ་སྲིད་གནད་དོན་འབྱུང་བར་དོགས་ནས་མོ་ཊ་ཞིབ་བཤེར་བྱས་པ་སུན་གཙེར་བཟོས་ཡོད་པའི་གནས་ཚུལ་ཀྱང་ཐོན་འདུག
གནས་ཚུལ་མཁོ་གཏོང་བ་འཇམ་དཔལ།