མ་སུ་རི་བོད་ཁྱིམ་ཡན་ལག་གསར་འཛུགས།
ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༩༌༡༥ ཐོག་སྐུ་མགྲོན་གཙོ་བོ་མཆོག་ནས་སྒོ་དབྱེ་ཞལ་ཕྱེ་མཛད་པ་དང། ཤིང་སྣ་འདེབས་འཛུགས་གནང་རྗེས་ཚང་འཛོམས་ཀྱི་མཛད་སྒོ་དངོས་གཞི་བསྐྱངས། སྐུ་མགྲོན་གཙོ་བོ་མཆོག་ནས་སྣང་གསལ་མར་མེའི་ཞལ་ཕྱེ་མཛད་རྗེས་བོད་ཁྱིམ་དྲུང་ཆེ་མཆོག་ནས་སྐུ་མགྲོན་རྣམ་པ་དང་སྦྱིན་བདག་རྣམས་ལ་གུས་བསུའི་འཚམས་འདྲི་དང་བསྒྲགས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས།
དེ་རྗེས་རྒྱལ་སྤྱིའི་ཨེསེ་ཨོའོ་ཨེསེ་སྤྱི་ཁྱབ་དྲུང་གཞོན་སྐུ་ཞབས་སཱི་དྭར་ཏཱ་ཀཱོལ་མཆོག་ནས་མཛད་སྒོའི་ཐོག་གསུང་བཤད་གནང་རྗེས་མགྲོན་གྱི་གཙོ་བོ་མཁས་དབང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཕྲུ་གུ་ཚོའི་སློབ་སྦྱོང་བྱེད་ཡུལ་གཡས་སུ་ནག་ཚལ་སྟུག་ཅིང་གཡོན་ཕྱོཌ་སུ་ཆུ་མོ་གངྒ་རྒྱུཌ་པ་འདི་ལྟ་བུའི་གནས་འདི་ནི་སློབ་གཉེར་བྱེད་ཡུལ་ཤིན་ཏུ་ལེགས། ཤེས་ཡོན་སྲིད་ཇུས་ཀྱི་དགོངས་དོན་ལྟར་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་འཛམ་གླིང་ཀུན་ཁྱབ་སེམས་ཁུར་ལྡན་པའི་མི་སྣ་གང་མང་ཐོན་རྒྱུར་དགེ་ལས་སློབ་ཕྲུག་ཚང་མས་ཤུགས་སྣོན་རྒྱག་དགོས་ཞེས་བཀའ་སློབ་གནང་།
དེ་རྗེས་ཟློས་གར་སློབ་ཕྲུག་རྣམས་ནས་གཞས་སྣ་གཟིཌ་འབུལ་དང། བོད་ཁྱིམ་གྱི་ལྷ་མོའི་སློབ་ཕྲུག་རྣམས་ནས་རྔོན་པའི་གདོན་གཟིཌ་འབུལ་ཞུས་རྗེས། བོད་ཁྱིམ་དྲུང་ལས་མཆོག་ནས་ཐུགས་རྗེ་ཆེ་ཞུས་པ་དང། སློབ་གྲྭ་གསར་པའི་འཛུགས་སྐྲུན་ལས་གཞིའི་བརྒྱུད་རིམ་གྱི་དཔར་རིགས་འགྲེམས་སྟོན་ཞུས་རྗེས་མཛད་སྒོ་ལེཌ་གྲུབ་ཟིན་ཡོད་པ་རེད།
གནས་ཚུལ་མཁོ་གཏོང་བས། གཞི་རྒྱ་ཤིན་ཏུ་ཆེ་བའི་སློབ་གྲྭ་འདི་ལྟ་བུ་ཞིག་གསར་སྐྲུན་ལེགས་སྒྲུབ་ཟིན་པས། རང་རིགས་བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུར་ལེགས་སྐྱེས་ཕུལ་བའི་ཆ་ཤས་ཤིག་རེད་ཅེས་བརྗོད་སོང་། སློབ་གྲྭ་དེར་འཛིན་ཁང་བཅོ་བརྒྱད་དང་། དཔེ་མཛོད་ཁང། གློག་ཀླད་ཁང་། སློབ་གྲྭའི་ཡིག་ཚང། དགེ་རྒན་ལས་གནས་ཁང། ཡིག་ཆས་འཇོག་སྣོད་ཁང། ཚོགས་ཁང་བཅས་དང། འཛིན་སྐྱོང་ཁོངས་སུ་ཡིག་ཚང་དང། ཁྱིམ་ཚང་བཅུ། ལས་ཤག མགྲོན་ཁང། ལས་བྱེད་ཟབ་སྦྱོང་ཁང་། སྨན་ཁང། ཟབ་སྦྱོང་བའི་འཛིན་ཁང་དང་བཞུགས་གནས་བཅས་ཡོད་འདུག །
{jcomments on}