ཡང་སྲིད་སྐོར་ཡིག་ཐོག་ནས་གཏན་འབེབས་གནང་རྩིས།
མང་པོ་ཞིག་གིས་སྐད་ཆ་དྲིས་ཏེ་གང་ལྟར་སུན་པོ་འདྲ་བཟོ་ཡི་འདུག ངས་སྔོན་མ་ནས་འགྲེལ་བཤད་བརྒྱབ་བསྡད་ཡོད་ཀྱང་། ཡིག་ཐོག་ནས་འགྲེལ་བཤད་ཅིག་བྱུང་ན་ཡག་པོ་འདུག དེ་ཡང་ང་རྐྱང་རྐྱང་གིས་མིན་པར། རྒྱལ་བའི་ཡང་སྲིད་དུ་ཆོས་བརྒྱུད་ཚང་མར་འབྲེལ་བ་ཡོད་བསྡད་པ་ཞིག་རེད། དེ་སྔོན་མ་བླ་ཆེན་ཚོར་སྐད་ཆ་བྱུང་སོང་ལ། ད་ཐེངས་དབུ་ཁྲིད་ལྷན་འཛོམས་སྐབས་གཏན་འབེབས་ཡོང་ན་བསམ་སྟེ་ཁ་སང་གི་ཡིག་ཆ་དེ་ཕུལ་བ་རེད། འདིའི་རྗེས་ང་ཚོ་ཁ་ཤས་འཛོམས་ཏེ་སྣོན་འཕྲི་ག་རེ་དགོས་ཀྱི་གཅིག་བལྟས། ད་ཐེངས་གཏན་འབེབས་བྱེད་ཐུབ་ན་བསམ་སོང་། བླ་ཆེན་ཚོའི་རྒྱབ་གཉེར་གནང་བ་ཁག་ཕྱོགས་བསྒྲིགས་བྱས་ཏེ་ཕྱིར་བཀྲམས་ན་ཡག་པོ་འདུག ཁ་སྔོན་ངོས་རང་ཧྥ་རན་སིར་སྐྱོད་སྐབས་ཀྱང་། གསར་འགོད་པས་རྒྱ་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐོག་དྲི་བ་བཏང་སོང་། རྒྱ་ནག་གི་གོང་མ་ཚོ་ཆོས་ཁས་ལེན་མཁན་ཞིག་རེད། རྒྱ་ནག་གུང་ཁྲན་གྱིས་གཅིག་ནས་ཆོས་ཁས་མི་ལེན། གཉིས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་དེ་རྗེས་ལུས་དང་ཕན་མི་ཐོགས་པ་ཞིག་ལ་རྩི་བཞིན་ཡོད། གསུམ་ནས་ཏཱ་ལའི་བླ་མ་བདུད་རེད་ཟེར་གྱི་ཡོད་སྟབས། བདུད་ཀྱི་ཡང་སྲིད་ཡོང་ཆོག་གི་མ་རེད་ལབ་ན་ལན་པོ་ཡོད་ཀྱང་། བདུད་རེད་ཟེར་བཞིན་དུ་བདུད་ཀྱི་ཡང་སྲིད་ངོས་འཛིན་གནང་གི་ཡིན་ལབ་ན་ལན་པོ་ཡོད་པ་མ་རེད་ཅེས་ལན་བཏབ་པ་ཡིན་” ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་གསུང་དོན། གང་ལྟར་ངའི་སྐྱེ་བའི་སྐོར་བཤད་ཀྱི་ཡོད་པས། མཐར་ངས་ཐག་གཅོད་རྒྱུ་རེད་མ་གཏོགས། གཞན་སུ་གཅིག་རྒྱུ་མཚན་ཆགས་ཀྱི་མ་རེད་ཅེས་རྒྱ་ནག་གཞུང་གི་ཁོང་གི་ཡང་སྲིད་སྐོར་གླེང་སློང་བྱེད་ཀྱི་ཡོད་སྐོར་གསུངས་ཡོད་པ་རེད།