རྒྱ་ནག་གིས་༧གོང་ས་མཆོག་གི་ཡང་སྲིད་སྐོར་གྱི་ལན་འདེབས།

ཕྱི་ཟླ་༩ ཚེས་༢༦ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་ཧུང་ལའེ་ཡིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག  གསར་འགོད་པས་བཏོན་པའི་གསུང་འཕྲིན་སྐོར་གྱི་དྲི་བར་ལན་འདེབས་བྱས་ཡོད་པ་རེད།

 

  ལན་འདེབས་དེ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་བོད་བསྒྱུར་བྱས་ཏེ། འགྲེམས་སྤེལ་གནང་བའི་ནང་འཁོད་དོན། ཏཱ་ལའི་བླ་མ་སྐྱེ་ཕྲེང་༡༤ པས་མི་ལ་ཤོད་མི་ཕོད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་གང་བྱུང་གིས་ལོ་རྒྱུས་འཁྱོག་བཤད་བྱས་པ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་སྲོལ་སྒྲིག་ལམ་ལ་གཏོར་བཤིག་ཆེན་པོ་བཏང་བ་ཞིག་དང༌།  ཏཱ་ལའི་བླ་མའི་རྒྱུད་པའི་ལམ་ལུགས་ལ་ཕོག་ཐུག་ཆེན་པོ་བཏང་བ་ཞིག་རེད།

བླ་མའི་ཡང་སྲིད་ནི་བོད་བརྒྱུད་ནང་བསྟན་གྱི་ཐུང་མོང་མ་ཡིན་པའི་རྒྱུད་མཆེད་པའི་བྱ་ཐབས་ཤིག་ཡིན།  རྒྱ་ནག་གིས་ཆོས་དད་རང་དབང་གི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་ཅིང་།  བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་དེར་བརྩི་བཀུར་དང་སྲུང་སྐྱོབ་བྱེད་རྒྱུ་ནི་སྲིད་བྱུས་དེའི་ནང་ཚུད་ཡོད།

ཏཱ་ལའི་བླ་མ་ཞེས་པའི་གོ་མིང་ནི་ཀྲུང་དབྱང་སྲིད་གཞུང་གིས་གནང་བ་ཞིག་ཡིན་ཞིང་།  གལ་སྲིད་ཀྲུང་སྲིད་གཞུང་གིས་གནང་བ་ཞིག་མིན་ན།  ཁྲིམས་མཐུན་རང་བཞིན་འདང་གི་མེད།  ཏཱ་ལའི་བླ་མ་སྐྱེ་ཕྲེང་༡༤ པ་ཡང་སྐབས་དེའི་མིན་གོ་སྲིད་གཞུང་གིས་བཀའ་འཁྲོལ་གཏན་འཁེལ་བྱས་པ་ཞིག་རེད།  ཏཱ་ལའི་བླ་མའི་ཡང་སྲིད་འཚོལ་རྒྱུར་ཆོས་ལུགས་ཀྱི་འགྲོ་སྟངས་དང༌།  ལོ་རྒྱུས་ཀྱི་ལམ་ལུགས་ལ་གཞིགས་རྒྱུའི་སྒྲོམ་ཆ་ཚང་བ་ཞིག་ཡོད་པ་ལས།  ཏཱ་ལའི་བླ་མ་གོང་མ་དེས་ཏཱ་ལའི་བླ་མ་རྗེས་མ་ངོས་འཛིན་གཏན་འཁེལ་བྱེད་པའི་བྱེད་སྟངས་ཤིག་གཏན་ནས་བྱུང་མེད།  དས་མཚུངས་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་དང་།  བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ཡོད།  ཏཱ་ལའི་བླ་མའི་ཡང་སྲིད་ཐེ་བའི་སྤྲུལ་སྐུ་སུ་འདྲ་ཞིག་གི་ཡང་སྲིད་ཡིན་རུང་ཚང་མ་ཆོས་ལུགས་ཀྱི་གོམས་སྲོལ་དང་།  ལོ་རྒྱུས་ཀྱི་ལམ་ལུགས།  རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་ཡིག་གཞིར་བཞག་གིས་འགྲོ་དགོས་ཀྱི་རེད་ཅེས་བརྗོད་འདུག

ཨ་རི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ཀྱིས་བོད་སྒྱུར་བྱས།

{jcomments on}