བཀའ་བློན་འདེམས་སྟངས་རང་འཇགས།

མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅས་བཅའ་ཁྲིམས་དོན་ཚན་༢༡ བར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་དགོས།

དེ་རྗེས་འོས་གཞིའི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕངས་ཏེ་འོས་འདེམས་བྱེད་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ་”ཞེས་འཁོད་པ་རེད། སྔོན་མ་བཅའ་ཁྲིམས་ནང་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅས་བཅའ་ཁྲིམས་དོན་ཚན་༢༡ བར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་དགོས། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕེན་དགོས་ཚུལ་འཁོད་ཡོད་པ་རེད། ད་ལན་བཟོ་བཅོས་དེའི་ནང་གི་ནང་དོན་གཙོ་བོ་བཀའ་བློན་གྱི་འོས་གཞི་རྣམས་ལ་ཡིན་གཅིག་མིན་གཅིག་འོས་ཤོག་བླུག་དགོས་པ་ལས། འོས་ཤོག་མ་བླུགས་པར་སྤྱི་མོས་གཏོང་སའི་ལམ་ཁ་མེད་པ་བཟོ་རྒྱུ་དེ་ཡིན་ཡང། གྲོས་ཚོགས་ནང་བཅའ་ཁྲིམས་ལ་བཟོ་བཅོས་གཏོང་བའི་ཁྲིམས་འཆར་དེར་རྒྱབ་སྐྱོར་མ་ཐོབ་པས་འགྱུར་བ་སོང་མེད།
དེ་བཞིན་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས་བཀའ་བློན་གྱི་འོས་གཞི་ཆ་ཚང་ངམ། ཡང་ན་འོས་གཞི་བྱེ་བྲག་པར་དཔྱད་ཞིབ་བྱེད་པར་དུས་ཚོད་སྤྲོད་དགོས་པའི་དགོངས་འཆར་སྤྱི་འཐུས་སུ་རུང་ནས་བྱུང་ན་ཉིན་གཅིག་ལས་མ་བརྒལ་བའི་དུས་ཚོད་སྤྲོད་དགོས་པའི་བཅའ་ཁྲིམས་ལ་བཟོ་བཅོས་ཁྲིམས་འཆར་ཞིག་གྲོས་ཚོགས་སུ་ཕུལ་བར་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་དང་། གྲོས་ཚོགས་ནང་བགྲོ་གླེང་བྱས་མཐར་ཁྲིམས་འཆར་དེ་ལའང་རྒྱབ་སྐྱོར་ཐོབ་མེད་པར། བཅའ་ཁྲིམས་ནང་བཀའ་བློན་གཞན་གྱི་འོས་འདེམས་བྱེད་སྟངས་སྐོར་ལ་འགྱུར་བ་གང་ཡང་མ་སོང་བར་སྔོན་མ་དང་གཅིག་མཚུངས་སུ་གནས་ཡོད་པ་རེད།།