བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས།
དེ་ཡང་ཕྱི་ཟླ་༩ ཚེས་༢༦ ཉིན་བོད་ནང་ལ་འགྲོ་བ་མའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་པས། ཉེ་ལམ་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བསྒོས་བྱས་པའི་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཞོན་སྐྱེས་གཉིས་ཀྱིས་བོད་བསྟན་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་རང་ལུས་མེར་བསྲེག་བཏང་བའི་དོན་རྐྱེན་བྱུང་བ་ཡོད་པ་དང། ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་སྐོར་བརྗོད་པ་མ་ཟད། ཨ་རིའི་ཕྱི་སྲིད་ལས་ཁུངས་ཕྱོགས་ནས་ཀྱང་ཐེངས་འདིར་བོད་ནང་ལ་བྱུང་བའི་ངོ་རྒོལ་གྱི་ལས་འགུལ་དེ་གལ་ཆེན་པོར་བརྩི་བཞིན་ཡོད་ཅེས་དང། རྒྱ་ནག་གཞུང་ནས་བོད་ཀྱི་འགྲོ་བ་མི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་དང་། མི་རིགས་དེའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ལ་སྲོང་སྐྱོབ་བྱེད་དགོས་པ་རེད་ཅེས་རེད་འབོད་སྐུལ་གནང་འདུག
དེ་དང་ཕྱོགས་མཚུངས་ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་ས་ཁུལ་ཁག་ལ་གསར་འགོད་ལས་རིགས་པ་དང་ཨ་རི་གཞུང་གི་སྐུ་ཚབ་བོད་ནང་གི་གནས་ཚུལ་ལ་ཞིབ་འཇུག་ཆེད་འགྲོ་རྒྱུའི་ཆོག་མཆན་ཞེས་དགོས་འདུན་བཏོན་ཡོད་པ་རེད།།