༧གོང་ས་མཆོག་གིས་གསུང་ཆོས།
ད་ཐེངས་ཀྱི་གསུང་ཆོས་དེ་བཞིན་ཐེ་ཝན་ནང་པའི་དད་ལྡན་ཆོས་བཞུ་ཁག་གཅིག་གིས་གསོལ་བ་བཏབ་པ་བཞིན་ཐེན་ཝན་ནས་ཆོས་ཞུ་བ་༡༣༠༠ ཙམ་དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་༢༠ ཙམ། དེ་བཞིན་དད་ལྡན་ཆོས་བཞུ་བ་བོད་རིགས་སེར་སྐྱ་མི་མང་དང་ཕྱི་རྒྱལ་བི་སོགས་བཅར་ཡོད་པ་རེད། ཉིན་དེའི་ཞོགས་པ་ཆུ་ཚོད་༩་༣༠ ཙམ་ལ་རྒྱལ་བའི་ཕོ་བྲང་ནས་གཙུག་ལགས་ཁང་དུ་ཕེབས་སྐབས་རྒྱ་རིགས་གཞས་པ་ཁག་གཅིག་གིས་མ་ཎིའི་གཟུངས་བསྔགས་རོལ་དབྱངས་དང་མཉམ་དུ་འུར་འདོན་བྱས་ཏེ་གདན་འདྲན་ཞུས་པ་དང། གསུང་ཆོས་དེ་སྐུ་སྒེར་ཡིག་ཚང་གི་དྲ་ཐོག་ཏུ་ཐད་བཀར་རྒྱང་བསྲིངས་ཞུ་བཞིན་འདུག །