དྷ་ས་ས་འཐུས་ཚོགས་འདུ།
དང་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བསམ་གཏན་ལྷུན་གྲུབ་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་ཡོད་པ་རེད། གཞུང་འབྲེལ་མྱ་ངན་གུས་བཏུད་ཀྱི་གྲོས་འཆར་གྲོས་ཆོད་ཁག་གཅིག་ནི།སྔ་འགྱུར་རྙིང་མའི་ཁྲི་འཛིན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་དང་། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག དེ་བཞིན་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་དང་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས།བོད་མི་མང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་བཅས་ཀྱི་ཆེད་དུ་གཞུང་འབྲེལ་མྱ་ངན་གུས་བཏུད་ཞུས་ཡོད་པ་རེད།
དཔལ་ལྡན་ས་གནས་འགོ་འཛིན་མཆོག་གིས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་རྗེས་ལས་བསྡོམས་ཐོག་བགྲོ་གླེང་མཐིལ་ཕྱིན་པ་གནང་ཡོད་པ་རེད།
ཕྱི་དྲོ་ས་གནས་འགོ་འཛིན་གྱིས་ཕྱི་ལོ་༢༠༡༡ ནས་༢༠༡༢ བར་ས་གནས་ལས་ཁུངས་ཀྱི་ལོ་འཁོར་བསྐྱར་བཅོས་སྔོན་རྩིས་འཆར་འབུལ་སྙན་སྒྲོན་ཞུས་ཡོད་པ་རེད།
སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཕྱི་ལོ་༢༠༡༡ ནས་༢༠༡༢ བར་གྱི་བསྐྱར་བཅོས་སྔོན་རྩིས་སྙན་ཐོ་སྙན་སྒྲོན་དང་ཆབས་ཅིག་བཀའ་ཁྲོལ་རྒྱབ་གཉེར་ཇི་ཞུས་སྒྲོག་སྦྱོངས་གཏན་འབེབ་གནང་ཡོད་པ་རེད་འདུག།