ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

ཁོང་༢༠༠༩ ཟླ་༡༠ ཚེས་༡ ཉིན་ཏེ། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཛིན་བཟུང་བྱས་པ་པ་དང་། ཕྱི་ལོག་གི་དྲ་རྒྱ་ཁག་ལྟ་ཀློག་བྱས་པ་དང་། ཕྱི་སྡོད་བོད་རིགས་དང་འབྲེལ་བ་བྱས་པར་བསྙད་ནས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།

ཁོང་འཛིན་བཟུང་བྱས་པའི་ཉིན་དེ་རང་ལ་སོག་རྫོང་ར་རྟ་གྲོང་ཚོའི་རང་ལོ་༢༥ ཡིན་པ་རྒྱལ་སེང་དང་། རང་ལོ་༢༤ ཡིན་པ་ཉི་མ་དབང་ཕྱུག  རང་ལོ་༢༥ ཡིན་པ་ཡེ་ཤེས་ནམ་མཁའ། རང་ལོ་༢༣ ཡིན་པ་ཨ་ནིས་བཅས་འཛིན་བཟུང་གིས་ལོ་ལོ་གསུམ་རེའི་ཁྲིམས་ཐག་བཅད་ཡོད་ཀྱང་ད་དུང་གློད་གྲོལ་ཐོབ་མེད་པ་རེད།

༢༠༡༠ ཟླ་༢ པའི་ནང་འཛིན་བཟུང་བྱས་པའི་བོད་མི་རང་ལོ་༢༤ ཡིན་པ་བཀྲ་ཤིས་ཟེར་བ་དེ་ཡང་གློད་གྲོལ་བཏང་མེད་པ་དང། ཁོང་རྣམས་རྒྱ་གཞུང་གི་འཛིན་བཟུང་བྱེད་དགོས་དོན་ནི། ཤེས་ཡོན་ཅན་གྱི་ན་གཞོན་དེ་ཚོ་རྒྱུན་དུ་དྲ་རྒྱ་བལྟ་ཀློག་བྱེད་མཁན་ཡིན་སྟབས་ཁོང་རྣམས་ཀྱི་ཟིན་བྲིས་དང་། རྒྱ་ནག་གིས་བཟོས་པའི་QQ ཞེས་པའི་དྲ་གནས་ནང་དུ་༸གོང་ས་མཆོག་གི་སྐུ་པར་དང་བཀའ་སློབ་ཁ་ཤས་ཡོད་འདུག རྒྱ་ནག་གཞུང་གིས་གིས་ཁོང་ཚོར་ཕྱིའི་རྒྱལ་ཁབ་ཁག་ཏུ་འབྲེལ་བ་འདུག་ཚུལ་གྱི་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་པ་ཤ་སྟག་རེད། དེང་སྐབས་སོག་རྫོང་དུ་དེང་རབས་ཀྱི་སློབ་སྦྱོང་ཐོབ་པའི་ན་གཞོན་མང་པོ་ཞིག་ལ་རྒྱ་གཞུང་གི་གནོན་ཤུགས་སྤྲོད་བཞིན་པ་མ་ཟད།  དབྱིན་ཡིག་ཤེས་མཁན་རྣམས་དོ་དམ་ནན་པོ་བྱེད་ཀྱི་ཡོད་པ་རེད་ཅེས་བོད་ནས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང་།།