རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་རྟགས་མ།

རྩེད་འགྲན་དེ་ཉིན་བརྒྱད་རིང་འགྲན་སྡུར་བྱས་ནས། མཐའ་མའི་རྒྱལ་ཁ་སྦེལ་ཀོབ་བོད་མིའི་གཞིས་སྒར་གྷོ་ལ་ཐ་ལ་སྤོ་ལོའི་རུ་ཁག་ལ་ཐོབ་སྟེ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་བུམ་གཟེངས་རྟགས་སྤྲད་ཡོད་པ་རེད། ཨང་གཉིས་པའི་བྱ་དགའ་རྒྱ་གར་བྱང་ཕྱོགས་དྷེེ་ར་ལྡུན་ས་གནས་ཀ་ལི་མན་ཊོན་དོན་གྲུབ་གླིང་བོད་མིའི་གཞིས་སྒར་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཐོབ་ཡོད་པ་རེད།

དེ་ཡང་རྩེད་འགྲན་ཉིན་མཐའ་མའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་དོན་རྒྱབ་སྐྱོར་བ་ལྕམ་ཨ་ཤ་རེ་ཌི་གཙོས་མོན་གྷོ་ས་གནས་ཀྱི་ལས་ཁུངས་ཁག་གི་ལས་སྣེ་བ་ཡོངས་དང་གྲྭ་ཚང་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་རྣམ་པ་བཅས་རྩེད་འགྲན་པ་དང་ལྟད་མོ་བ་མི་མང་ཧ་ཅང་ཕོན་ཆེན་མཉམ་འཛོམས་གནང་ཡོད་པ་རེད།

footboll 2011  10  4 2

དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་བོད་དོན་རྒྱབ་སྐྱོར་བ་ལྕམ་ཨ་ཤ་རེ་ཌི་མཆོག་གིས་རྐང་རྩེད་སྤོ་ལོའི་རྩེད་འགྲན་དང་འབྲེལ་བའི་གསུང་བཤད་གནང་དོན།   དེ་ཡང་རྐང་རྩེད་སྤོ་ལོ་རྩེད་མཁན་ཚོའི་ཧུར་བརྩོན་དང་ལྷག་བསམ་ཆེན་པོའི་ངོ་བོའི་ཐོག་ནས་འཛུལ་ཞུགས་གནང་བ་དེ་ལ་ཡིད་སྨོན་དང་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད།  རྩེད་མོའི་འདི་འདྲའི་གོ་སྐབས་བརྒྱུད་ནས་བོད་མི་ཚོའི་ནང་ཁུལ་ལ་གཅིག་སྒྲིལ་དང་འཆམ་མཐུན་ཡོང་ཐུབ་པའི་ཐབས་ལམ་གཅིག་དང་།  དེ་རིང་ནང་བཞིན་འབྱུང་འགྱུར་བོད་མི་ཚོའི་ཞིམ་པ་མེད་པའི་སྙིང་སྟོབས་དང་སེམས་ཤུགས།  དཀའ་ངལ་སོགས་ལ་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པའི་ངོ་བོ་ཞིག་ཀྱང་མཚོན་གྱི་འདུག   སྤྱིར་བཏང་ང་ཚོ་དེ་རིང་རྐང་རྩེད་སྤོ་ལོར་དགའ་ཞེན་ཆེན་པོའི་ཐོག་ནས་འདིར་སླེབས་ཡོད་ཀྱང་དངོས་ཡོད་ཐོག་ང་ཚོ་ཚང་མར་འདི་ལས་ལྷག་པའི་འགན་འཁྲི་ཞིག་ལྷག་བསྡད་ཡོད་པ་རེད། དེ་རིང་འདིར་གར་ཕེབས་པའི་ནུས་པ་ལྡན་པའི་བོད་ཀྱི་མི་རབས་གསར་པ་ཚོའི་རང་རེའི་བོད་མི་ཚོར་དཀའ་ངལ་ཇི་ཙམ་འཕྲད་ཀྱང་སོ་སོའི་རང་དབང་གི་འཐབ་རྩོད་དེ་དུས་ནམ་ཡང་འདོར་ཐབས་མེད་པ་ཞིག་ལ་ངོས་འཛིན་ཞུ་དགོས་པ་རེད་ཅེས་སོགས་གསུངས་སོང་།

footboll 2011  10  4 1ཁོང་གིས་མུ་མཐུད་གསུང་དོན། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཚོགས་ཐུབ་པ་འདིའི་ཀྱང་བོད་ནང་གི་གཞིས་ལས་མི་མང་གི་རེ་བ་གསར་བ་ཞིག་ཀྱང་བསྐྲུན་ཐུབ་ངེས་རེད།  འོན་ཀྱང་ཉེ་ཆར་བོད་ནང་གི་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་དང་ཚེ་དབང་ནོར་བུ་སོགས་ཀྱི་གཙོས་བོད་ནང་གི་དཔའ་བོ་དེ་ཚོ་ལོ་ན་ཕྲ་ཡང་བོད་ཀྱི་རང་དབང་དང་ཆོས་དད་རང་དབང་།  དེ་བཞིན་༧གོང་ས་མཆོག་བོད་ལ་ཕྱིར་ཕེབས་དགོས་སྐོར་སོགས་དགོས་འདུན་དོན་ཚན་ཁག་གཅིག་གི་འོག་རང་ལུས་མེར་བསྲེགས་གཏོང་བཞིན་པ་འདིའི་ད་དུང་བོད་ནང་སྡུག་བསྔལ་མི་ཟད་པ་མྱོང་བཞིན་ཡོད་པ་གསལ་བོར་མཚོན་གྱི་ཡོད།   གུས་མོའི་བོད་ཀྱི་རྒྱལ་གཅེས་དབའ་བོ་དེ་དག་ལ་མྱ་ངན་དང་གུས་འདུད་རྩེ་གཅིག་ཏུ་ཞུ་བཞིན་ཡོད།   ཁོང་རྣམ་པ་ཚོ་ནི་ང་ཚོའི་སེམས་ཤུགས་དང་འཐབ་རྩོད་ཀྱི་མེ་ལྕེ་ལྟ་བུ་ཞིག་ཆགས་ཡོད་པ་རེད།  འོན་ཀྱང་རྐང་རྩེད་སྤོ་ལོའི་རུ་ཁག་ཚོའི་ཡིན་ན་ཡང་སོ་སོའི་རུ་ཁག་གི་སྤོ་ལོ་གྲངས་ག་ཚོད་ཐོབ་མིན་ལ་འབོད་རྩོད་བྱེད་ཀྱི་དེ་མིན་ལ།   དེ་ལས་ལྷག་པའི་དམིགས་ཡུལ་ཨང་གི་དང་པོ་དེ་སོ་སོའི་ལུང་པའི་ནང་རང་དབང་ལྡན་པའི་ཐོག་ལོགས་ཐུབ་ཐབས་ལ་འབད་རྩོན་དགོས་པ་དེ་རེད།   དེ་འདྲ་ཞིག་དངོས་སུ་འགྲུབ་ཐུབ་ལ་བོད་མི་ཚང་མའི་ནུས་ཤུགས་གཅིག་སྒྲིལ་ཐོག་རེ་བ་དང་འབད་རྩོན་བྱེད་དགོས་པ་རེད།   མ་འོངས་བོད་ཀྱི་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་རང་ཡུལ་བོད་ཁ་བ་ཅན་དུ་འཚོགས་ཐུབ་པའི་རེ་བ་དང་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་སོང་། དེ་ཡང་འདི་ལྟར་ཐེངས་འདིིའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་ཐ་མའི་སྟེངས་རྩོད་འགྲན་བསྡུར་གྱི་རྒྱལ་ཁ་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་བོད་མིའི་གཞིས་སྒར་ནས་གྷོ་ལ་ཐ་ལ་སྤོ་ལོའི་རུ་ཁག་ལ་ཐོབ་ཡོད་པ་དང་།  ཨང་གཉིས་པའི་བྱ་དགའ་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ས་གནས་ཀ་ལི་མན་ཊོན་དོན་གྲུབ་གླིང་བོད་མིའི་གཞིས་སྒར་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཐོབ་ཏེ་ཉིན་འདིའི་དགོང་དྲོ་སྐུ་མགྲོན་གཙོ་བོ་ལྕམ་ཨ་ཤ་རིས་དི་མཆོག་གིས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐེངས་བཅུ་བདུན་པ་ཐོབ་མཁན་རུ་ཁག་གཉིས་ལ་སྤྲད་ཡོད་པ་རེད།  རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་བཅུན་བདུན་པ་རྒྱལ་ཁའི་ངང་མཇུག་ཡོངས་སུ་དྲིལ་ཡོད་པ་རེད།།
མོན་གྷོ་ས་གནས་གསར་འགོད་པས།

{jcomments on}