དཔའ་བོ་རྗེས་དྲན་གྱི་ལག་རྩེད་སྤོ་ལོའི་རྩེད་འགྲན་མཐའ་མ།

བུ་རུ་ཁག་གི་རྩེད་འགྲན་ཨང་གཉིས་པ་དྷ་ས་རུ་ཁག་དང་། བུད་མེད་རུ་ཁག་གི་ཨང་གཉིས་པ་གསོག་སྒར་སློབ་གྲྭའི་རུ་ཁག་ལ་ཐོབ་ཡོད་པ་རེད།r tyc1_2011_10_7

གཞོན་ལྷན་ལོ་༤༢ འཁོར་བའི་དུས་དྲན་དང་ལག་རྩེད་སྤོ་ལོའི་མཐའ་མའི་འགྲན་སྡུར་དེ་དྷ་ས་ས་གནས་གཞོན་ལྷན་གྱི་གོ་སྒྲིག་བྱས་ཡོད་པ་དང་། མཛད་སྒོའི་ཐོག་ས་གནས་གཞོན་ལྷན་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་དོན་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། ས་གནས་གཞོན་ལྷན་གྱི་གནས་བབ་ཡར་རྒྱས་གཏོང་དགོས་སྐོར་དང། གཞོན་ལྷན་གྱི་ངོས་ནས་མུ་མཐུད་བོད་རང་བཙན་འཐབ་རྩོད་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས་སོང་།

r tyc5_2011_10_7དེ་རྗེས་བོད་ཀྱི་དབུས་གཞོན་ལྷན་གྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་ཉིན་དེའི་གཞོན་ལྷན་གྱི་གསུང་བཤད་སྒྲོགས་སྦྱང་གནང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལོ་ངོ་ ༤༢ རིང་བཙན་བྱོལ་སྤྱི་ཚོགས་ཚོགས་ཀྱི་མང་གཙོའི་རང་དབང་གི་ཁོར་ཡུག་བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་འཆང་མདུན་སྐྱོད་དང་མང་གཙོ་གོང་འཕེལ། ཆོས་རིག་སྲུང་སྐྱོབ། སྤྱི་ཚོགས་ཞབས་ཞུ། བོད་མིའི་རྡོག་རྩ་གཅིག་སྒྲིལ་སོགས་ཀྱི་ཐད་འབད་བརྩོན་གནང་སྐོར་དང་། ང་ཚོའི་འགྱུར་བ་མེད་པའི་རྟག་བརྟན་གྱི་སྟོབས་ཤུགས་ནི། ལོ་རྒྱུས་ཀྱི་བདེན་དབང་དང་བླ་ན་མེད་པའི་དབུ་ཁྲིད། རང་གཞུང་ལ་གུས་བཀུར་དང་ཡིད་ཆེས། བོད་ཀྱི་ངོ་བོ་སྲུང་སྐྱོབ། བོད་མིའི་ཆོག་སྒྲིལ་གྱི་ནུས་པ་བཅས་ཡིན་པས་དེ་དག་རྩ་འཛིན་གཅེས་སྤྲས་བྱ་རྒྱུ་ཧ་ཅང་གལ་ཆེ་ལ། ལྷག་པར་དུ་གཞོན་སྐྱེས་ཚོས་ཆོད་སེམས་དང་ཁ་ཕྱོགས་མ་ནོར་བར་མི་ཚེ་མདུན་སྐྱོད་དང་མི་ཚེའི་རིན་ཐང་འཚོལ་དགོས་ཤིང་། དེའི་ཆེད་དུ་གནའ་དེང་ཤེས་ཡོན་སློབ་སྦྱོང་དང་། བོད་དང་རྒྱལ་སྤྱིའི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ། རང་ཉིད་སུ་ཡིན་པ་དང་། གང་དུ་ཡོད་པ། མ་འོངས་པར་ཇི་ལྟར་བསྒྲུབ་དགོས་མིན་ངོས་འཛིན་དང་ཁ་ཕྱོགས་གསལ་པོ་བཟོ་དགོས་རྒྱུ་དག་ནི། ང་ཚོ་ཐུན་མོང་གི་ལས་འགན་ཆགས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

r tyc7_2011_10_7ཉིན་དེའི་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ཚོགས་པ་གཞན་དང་མི་འདྲ་བར་བོད་ཕྱི་ནང་གཉིས་ནས་རེ་བ་བྱེད་ས་དང་། བོད་པའི་འཐབ་རྩོད་ཁྲོད་གལ་ཆེན་གྱི་ཚོགས་པ་ཞིག་ཡིན་པས། མུ་མཐུན་རྒྱུན་སྐྱོང་དགོས་སྐོར་དང། དང་ཐོག་བོད་མི་ཚོ་སྐྱབས་བཅོལ་དུ་འབྱོར་སྐབས་སྤྱིར་ཕྱོགས་གང་ཐད་ནས་གནས་སྟངས་སྐྱོ་བ་དང་། རྒྱལ་སྤྱིའི་གནས་ཚུལ་སོགས་ལ་ཤེས་རྟོགས་གང་ཡང་མེད་ནའང་། བོད་རང་བཙན་འཐབ་རྩོད་དགོས་པ་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་རིམ་པས་འཐབ་རྩོད་བྱས་པ་དང་གཞོན་ལྷན་འཛུགས་དགོས་པའི་བརྒྱུད་རིམ། བོད་ནང་གི་བོད་དོན་འཐབ་རྩོད་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གནང་བ་དང་འབྲེལ། རྩེད་འགྲན་དེ་འཆམ་མཐུན་གྱི་ཐོག་ནས་རྩེ་དགོས་པའི་དམིགས་ཡུལ་སྐོར་གསུངས་ཡོད་པ་རེད།།