གསར་འགོད་པའི་ས་མིག་གསལ་བསྒྲགས།
གཤམ་གསལ་དགོས་མཁོའི་ཆ་རྐྱེན་ཁག
༡༽ བོད་ཡིག་གིས་རྩོམ་ཡིག་འབྲི་བར་དག་ཆ་ལྡན་ཞིང་ཚིག་སྦྱོར་གྱི་བྱང་ཚད་མཐོ་བ།
༢༽ དབྱིན་ཇི་དང་། རྒྱ་ཡིག ཧིན་རྡི་བཅས་སྐད་ཡིག་གཞན་གང་རུང་གི་ཐོག་ནས་རང་སྐྱ་འཕེར་བ།
༣༽ གློག་ཀླད་ཀྱི་རྨང་གཞིའི་ཤེས་ཚད་ཡོད་པ།
༤༽ གཟུགས་ཐང་ལས་ཕེར་ཡིན་པ་རྒྱ་བོད་ཀྱི་སྨན་ཁང་གང་རུང་ནས་ངོས་སྦྱོར་ཡོད་དགོས།
༥༽ བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཡོད་པ་དང་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།
༦༽ རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་(R.C)ཡོད་པ།
༧༽ དམའ་མཐའ་ལོ་གསུམ་ལ་འདི་ག་སྲི་ཞུ་ཁང་དུ་ལས་ཀ་བྱ་རྒྱུའི་ཆོད་སེམས་ཡོད་པ།
༨༽ གཞུང་སྒེར་གང་རུང་དུ་ལས་ཀ་བྱེད་བཞིན་པ་ཡིན་ན་སྒྲིག་འཛུགས་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར་ཡོད་དགོས།
༩༽ གསར་འགོད་པའི་ཉམས་མྱོང་ཡོད་པའམ་གསར་འགོད་པའི་ཆེད་སྦྱོང་ཡོད་པ་བཅས་དམིགས་བསལ་ཆ་རྐྱེན་དུ་བརྩི་རྒྱུ།
༡༠༽ སྙན་ཞུའི་མཉམ་གོང་གསལ་དགོས་མཁོའི་ཡིག་ཆ་ཁག་དང་ཤེས་ཚད་ལག་ཁྱེར་གང་ཡོད་ཀྱི་ངོ་བཤུས་བཅས་འབུལ་དགོས།
གོང་གསལ་ཆ་རྐྱེན་རྣམས་ཚང་ཞིང་ས་མིག་དེར་འཛུལ་ཞུགས་བྱ་འདོད་ཡོད་པ་རྣམས་ཀྱིས་དུས་བཀག་ནང་ཚུད་འབྲེལ་བ་གང་མགྱོགས་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན།
ཡིག་ཚང་ཁ་པར། ༢༢༦༡༧༥།༢༢༩༣༠༢ ལག་འཛིན་ཁ་པར། ༩༨༡༦༡ ༧༨༥༠༥།༩༨༡༦༠༤༦༤༠༧
tsultrimserta@hotmail.com/tibetexpress@gmail.com
འབྲེལ་གཏུག་ཁ་བྱང་།
Executive Director
Khawa Karpo Tibet Culture Centre
C.M.O Road
P.O Dharamsala-176215
Distt. Kangra (H.P)