སྦེལ་ཀོབ་གཞོན་ལྷན་གྱི་ལོ་འཁོར་ཚོགས་ཆེན།

belkob_2011_10_7དུས་དྲན་སྲུང་རྩིའི་མཛད་སྒོ་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཟུར་པ་ཚེ་རིང་ཕུན་ཚོགས་མཆོག་དང་། གཞན་ཡང་ས་གནས་གཞིས་ཆགས་གསར་རྙིང་གཉིས་ཀྱི་ས་གནས་འགོ་འཛིན་དང་མཉམ་འབྲེལ་བཅས་ཀྱི་འཐུས་ཚབ་མི་སྣ་སོགས་མགྲོན་འབོད་བྱས་ཡོད་པ་དང་། མཛད་སྒོའི་ཐོག་ས་གནས་གཞོན་ལྷན་ཚོགས་གཙོ་བྱ་ཉལ་ཚེ་རིང་ལྷ་སྐྱབས་ཀྱིས་མཛད་སྒོ་ངོ་སྤྲོད་དང། ཚོགས་གཞོན་བསྟན་འཛིན་བློ་གྲོས་ནས་བོད་ཀྱི་གཞོན་ལྷན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསུང་འཕྲིན་སྒྲོགས་སྦྱང་བྱས་སོང་།

སྦེལ་ཀོབ་ས་གནས་གཞོན་ལྷན་གྱི་༢༠༡༠ ཕྱི་ཟླ་ ༨ ཚེས་ ༡ ནས་༢༠༡༡ ཟླ་ ༧ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་ནང་བོད་རང་བཙན་འཐབ་རྩོད་ཀྱི་ཆེད་དུ་ལས་འགུལ་སྤེལ་བ་གྲངས་ ༡༨ དང་། བོད་ཀྱི་ཐུན་མིན་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་གྲངས་ ༡༠། དེ་མིན་ཚོགས་འདུ་སྣེ་ལེན་མཛད་སྒོ་གྲངས་ ༨། འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཞུའི་ཆེད་ལས་འགུལ་གྲངས་ ༦། དཔལ་འབྱོར་འདུ་འགོད་ཆེད་ལས་འགུལ་གྲངས་ ༤། ཤེས་ཡོན་ཐོག་ལས་དོན་ཐེངས་ ༢། གཞན་ཡང་ས་གནས་རྒྱུན་ལས་ཚོགས་འདུ་ཐེངས་ ༣༦ དང་རུ་དཔོན་མཉམ་ཚོགས་ཐེངས་ ༡༢ མང་ཚོགས་ཚོགས་ཐེངས་ ༥ ། ཐུགས་རྗེ་ཆེ་ཞུས་ལས་རིམ་ཐེངས་ ༦ བཅས་བྱུང་ཡོད་པ་དང་།  ད་ལྟ་ས་གནས་སུ་ཚོགས་མི་གྲངས་ ༢༨༤ ཡོད་པ་བཅས་འཁོད་འདུག །
མེ་སོར་གསར་འགོད་པས།